ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོའི་གཞི་གྲངས་ཆེན་མོའི་ཐོན་ལས་མཐོ་རིམ་གྲོས་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f752f22bb328fccf3464f7d24c877a47.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་ལྔ་ཉིན་ཀོས་ཡང་ནས་ཀྲུང་གོའི་གཞི་གྲངས་ཆེན་མོའི་ཐོན་ལས་མཐོ་རིམ་གྲོས་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་ལྔ་ཉིན་ཀོས་ཡང་ནས་ཀྲུང་གོའི་གཞི་གྲངས་ཆེན་མོའི་ཐོན་ལས་མཐོ་རིམ་གྲོས་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཆ་འཕྲིན་ཅན་གྱི་རླབས་རྒྱུན་དེ་འཛམ་གླིང་ཡོངས་སུ་ཁྱབ་བཞིན་ཡོད་པ་དང་། གཞི་གྲངས་ཆེན་མོ་སོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། ཕན་ཚུན་འབྲེལ་བའི་དྲ་རྒྱའི་དུས་སྐབས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས། ཀྲུང་གོས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལྟར། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དང་ལྷག་པར་དུ་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང། ཆ་འཕྲིན་ཅན་དང་དངོས་ཕུང་དཔལ་འབྱོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཆུ་ཚད་མཐོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་པ་འགན་སྲུང་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། སྒོ་འབྱེད་དང་འཕེལ་རྒྱས་ཁྲོད་དུ་ཆ་འཕྲིན་བདེ་འཇགས་མངོན་འགྱུར་བྱེད་དགོས། ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་བདེ་འཇགས་འགན་སྲུང་མ་ལག་གསར་སྐྲུན་བྱས་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྒེར་གྱི་གསང་དོན་ལ་གནོད་སྐྱེལ་བ་དང་དྲ་རྒྱ་ལ་བརྟེན་ནས་མགོ་སྐོར་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་བྱས་ནས། སྤྱི་དམངས་ཀྱི་ཆ་འཕྲིན་བདེ་འཇགས་ཁེ་དབང་འགན་སྲུང་བྱེད་དགོས་ཟེར།
གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་མ་ཞུགས་པའི་སྔོན་ལ། ལིས་ཁི་ཆང་གིས་གཞི་གྲངས་ཆེན་མོའི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྤེལ་ལ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།