ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་ཀྱི་མ་རྐང་ཚོད་འཛིན་ཀུང་ཟིའི་ཏུང་ཧྲི་ཀྲང་བ་ལིས་ཏི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

33.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་ཀྱི་མ་རྐང་ཚོད་འཛིན་ཀུང་ཟིའི་ཏུང་ཧྲི་ཀྲང་བ་ལིས་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་ལམ་ཐག་རིང་བོ་ཞིག་བརྒྱུད་དགོས་པ་དང་། བཅོས་སྒྱུར་སྒོ་འབྱེད་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་ཀྱིས་བཅོས་སྒྱུར་ལ་སྣེ་ཁྲིད་བྱེད་དགོས། ཀྲུང་གོ་ནས་མིང་ཐོ་བཀོད་པའི་ཁེ་ལས་ཤིག་ཡིན་ན་ནང་ཁུལ་གྱི་མ་དངུལ་དང་ཕྱི་ཕྱོགས་ཀྱི་མ་དངུལ་གང་ཡིན་རུང་ང་ཚོས་སྔོན་ཆད་དང་འདྲ་བའི་ལྟ་ཚུལ་འཛིན་པ་དང་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་འདོན་སྤྲོད་བྱེད་ངེས་ཡིན། ང་ཚོས་རྣམ་པ་གསར་བའི་ཞབས་ཕྱིའི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་སྲོལ་རྒྱུན་ཐོན་ལས་དང་ལྷག་པར་དུ་གསར་བཟོ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། དེ་ལ་ཚོང་རའི་གོ་སྐབས་གསར་བ་མུ་མཐུད་དུ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

བ་ལིས་ཏི་ཡིས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བར་འཐབ་ཇུས་རང་བཞིན་པ་དང་། དེས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་མཉམ་ལས་བྱེད་པར་རྨང་གཞི་བརྟན་པོ་འདོན་སྤྲོད་བྱེད་ངེས་ཡིན། སོ་ཏི་ཨ་རབ་རྒྱལ་བོའི་རྒྱལ་ཁབ་ཀྱི་ཁེ་ལས་ཀྱིས་ནུས་པ་ཡོད་པའི་ཀྲུང་གོའི་ཁེ་ལས་དང་མཉམ་དུ་མཉམ་ལས་འབྲེལ་བར་སྔར་ལས་ཤུགས་བསྣན་ནས་ཁྱབ་ཁོངས་སོ་སོའི་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།