ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལིན་ཅི་ཧྭའི་ལྐོག་ཟ་དང་ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་འདོན་དང་གང་འདོད་སྒོས་དབང་ཆ་བཀོལ་བ་བཅས་ཀྱི་གྱོད་གཞི་ལ་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྔོན་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྔོན་ཀྱི་པུའུ་ཀྲང་ལིན་ཅི་ཧྭའི་ལྐོག་ཟ་དང་ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་འདོན་དང་། གང་འདོད་སྒོས་དབང་ཆ་བཀོལ་བ་བཅས་ཀྱི་གྱོད་གཞི་དེར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མྱུལ་ཞིབ་བྱས་ནས་མཇུག་རྫོགས་ཏེ། ཁྲིམས་ལྟར་དོ་དམ་བྱེད་ཁོངས་གཏན་འཁེལ་བྱས་ནས། ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོང་ཁང་ཡན་ལག་ཞིབ་དཔྱོད་ཁང་དང་པོར་སྤྲད་དེ་ཞིབ་བཤེར་ཁྲིམས་སྦྱོར་བྱས། ཉེ་ལམ་ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཞིབ་དཔྱོད་ཁང་དང་པོས་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོར་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱས།

ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ལ་ཞུ་སྦྱོར་ཕྱི་མ་བ་ལིན་ཅི་ཧྭ་ལ་དབང་བའི་གཏུག་བཤེར་ཁེ་དབང་གསལ་བོར་བཤད་པར་མ་ཟད། ཞུ་སྦྱོར་ཕྱི་མ་བ་ལིན་ཅི་ཧྭར་འདྲི་གཅོད་བྱས་པ་དང་། ཁོའི་བཤེར་རྩོད་དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན། ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལས་ཞིབ་དཔྱོད་ཁང་དང་པོའི་ཁྲིམས་སྦྱོར་ཡི་གེའི་སྟེང་ཞུ་སྦྱོར་ཕྱི་མ་བ་ལིན་ཅི་ཧྭ་ཡིས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་དང་ཀྲུང་རིན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཁུར་བའི་སྐབས་སུ་རང་གི་འགན་དབང་ལ་བརྟེན་ནས་མི་གཞན་པར་ཁེ་ཕན་བསྐྲུན་པ་དང་། ཁྲིམས་འགལ་གྱིས་མི་གཞན་པའི་རྒྱུ་ནོར་འབོར་ཆེན་བླངས་པ་དང་། ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་འདོན་བྱས་ནས་གནས་ཚུལ་ཧ་ཅང་ཚབས་ཆེ་ལ། གང་འདོད་སྒོས་འགན་དབང་བཀོལ་ཏེ་སྤྱི་པའི་རྒྱུ་ནོར་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པར་མ་ཟད། གནས་ཚུལ་ཧ་ཅང་ཚབས་ཆེ་བ་བཅས་ཉེས་བགྲང་ཞུ་གཏུག་བྱས་ནས། ལིན་ཅི་ཧྭ་ཁྲིམས་ལྟར་ལྐོག་ཟ་དང་ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་འདོན་དང་། གང་འདོད་སྒོས་དབང་ཆ་བཀོལ་བ་བཅས་ནག་ཉེས་ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།