ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་པུན་དབྱང་ལ་མཇལ་འཕྲད་གནང་བར་མ་ཟད་ཀྲུང་གོ་དང་ལའོ་ཝུའོ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་ཁྲོད་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6.jpg

ཟླ་ལྔ་བའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་ལའོ་ལུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་ལ་མཇལ་འཕྲད་གནང་། 
 

7.jpg

ཟླ་ལྔ་བའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་ལའོ་ལུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཞི་ཉིན་པེ་ཅིན་ནས་ལའོ་ལུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་ལ་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ལའོ་ཝུའོ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་དང་ལའོ་ཝུའོ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་འཛུགས་སྐྲུན་དང་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ཏེ། བརྗེ་རེས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་དང་ལའོ་ཝུའོ་གཉིས་བར་གྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

པུན་དབྱང་གིས་བཤད་རྒྱུར། ལའོ་ཝུའོ་ཕྱོགས་ཀྱིས་ལའོ་ཝུའོ་དང་ཀྲུང་གོ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པའི་ཚུན་ལའོ་ཝུའོ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཐེངས་འདིའི་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་མྱུར་དུ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ལའོ་ཝུའོ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

མཇལ་འཕྲད་གནང་རྗེས། ལིག་ཡུན་ཧྲན་དང་པུན་དབྱང་གཉིས་མཉམ་དུ་ཀྲུང་གོ་དང་ལའོ་ཝུའོ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།