རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཆ་སྡེབས་ཁྲིམས་སྲོལ་ལ་ཆེད་དོན་རྟོག་ཞིབ་བྱེད་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་སྟེ་ལག་བསྟར་བྱེད་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཆ་སྡེབས་ཁྲིམས་སྲོལ་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱེད་པའི་ཚན་ཆུང་གིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཐེངས་འདིའི་ཆེད་དོན་རྟོག་ཞིབ་བྱེད་མགོ་དངོས་སུ་བརྩམས། དེ་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་གཏན་ལ་ཕབ་སྟེ་ལག་བསྟར་བྱེད་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཆ་སྡེབས་ཁྲིམས་སྲོལ་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་ཐེངས་དང་པོ་བྱས་པ་ཡིན།

ཐེངས་འདིའི་ཆེད་དོན་རྟོག་ཞིབ་བྱེད་པའི་ནང་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་ལས་ཁུངས་ཀྱི་གཏན་ལ་ཕབ་སྟེ་ལག་བསྟར་བྱེད་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཆ་སྡེབས་སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་ལམ། བྱེད་ཐབས་བཅས་ཀྱི་གནས་ཚུལ་དང་། འབྲེལ་ཡོད་ས་གནས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཆོད་དོན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་གཏན་ལ་ཕབ་སྟེ་ལག་བསྟར་བྱེད་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཆ་སྡེབས་ཁྲིམས་སྲོལ་གྱི་གྲོས་གཞི་བཅས་འདུས་ཡོད།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།