ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་སྟེང་རྒྱལ་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་རྒྱལ་ནང་དུ་བྱ་འགུལ་སྤེལ་བའི་དོ་དམ་བཅའ་ཁྲིམས་དང་ལོ་ལྔའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཐེངས་བདུན་པ་སྤེལ་བའི་སྐོར་གྱི་གྲོས་ཆོད་སོགས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བར་མ་ཟད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་རུང་བསྐོ་འཐེན་འཆར་ཟིན་གཞན་པར་བརྡས་ཐག་བཅད།

གྲོས་ཚོགས་སྟེང་བརྡས་ཐག་གཅོད་པའི་དོན་དན་ཚང་མ་ཡོངས་འགྲུབ་བྱས་རྗེས། ཀྲང་ཏི་ཅང་གིས་གསུང་བཤད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་རྒྱལ་ནང་དུ་བྱ་འགུལ་སྤེལ་བའི་དོ་དམ་བཅའ་ཁྲིམས་གཏན་འཁེལ་བྱེད་པ་དེར་རྒྱལ་ཁབ་ཕྱི་ནང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། བཅའ་ཁྲིམས་དེ་གཏན་ལ་ཕབ་ནས། རྒྱལ་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་བྱ་འགུལ་སྤེལ་བ་དང་དེར་དོ་དམ་བྱེད་པའི་བྱ་བ་ཁྲིམས་ལུགས་ཀྱི་ལམ་དུ་ཚུད་པར་བྱས་པས། དེའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། མཛའ་མཐུན་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྤྱི་ཕན་སོགས་ལས་དོན་འཕེལ་རྒྱས་སུ་གཏོང་བ་བཅས་ཐད་ལ་ཕན་པ་ཡོད་པར་མ་ཟད། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན། སྤྱི་ཚོགས་སྤྱི་པའི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པ་བཅས་ཐད་ལའང་ཕན་པ་ཡོད་པས། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་དེ་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་ནས། བཅའ་ཁྲིམས་དེ་ཁྱོན་ཡོངས་དང་ཕན་ནུས་ལྡན་པའི་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཐེངས་འདིའི་གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་ཐེངས་དྲུག་པའི་བྱ་འགུལ་སྤེལ་བའི་གྲོས་ཆོད་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་འབྲེལ་ཡོད་གྲོས་གཞི་ལ་ཉན་པ་དང་གྲོས་ཞིབ་བྱས་ནས། ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་ཐེངས་བདུན་པའི་བྱ་འགུལ་སྤེལ་བའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་ཁྲིམས་སྐྱོང་གསར་འཛུགས་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་རྨང་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་གཉིས་པ་སྤེལ། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆར་ཁྲིད་ལ་མགོ་འཛིན་མཛད། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་བེ་མེན་གྱིས་ཁ་ཡིག་ལ་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ཤུགས་བསྣན་ཏེ། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཞེས་པའི་འཆད་ཁྲིད་སྤེལ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།