ཀྲུང་གོ་བོད་ཀྱི་དྲ་བ།

ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ནུས་ཁུངས་འཕེལ་རྒྱས་འཆར་འགོད་སོགས་ལ་ཞིབ་འཇུག་​བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་དང་། ཕྱོགས་བསྡུས་འགྲིམ་འགྲིལ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་ཚོ་ཅཱ་པའོ་གནམ་གྲུ་ཐང་གི་སྤྱི་ཁོག་གི་འཆར་འགོད་བཅས་ལ་ཞིབ་འཇུག་བྱས། ཁོས་ནན་གྱིས་བསྟན་དོན། ཧུར་ཐག་གིས་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ཕན་མཐོ། རྒྱུན་མཐུད་ཆོག་པའི་དེང་རབས་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱེད་པ་དང་།  ཟི་ལིང་ཚོ་ཅཱ་པའོ་གནམ་གྲུ་ཐང་གཙོར་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་བཙུགས་ཏེ། དེང་རབས་ནུས་ཁུངས་དང་ཕྱོགས་བསྡུས་འགྲིམ་འགྲུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་འདེགས་སྐྱོར་འགན་སྲུང་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཧའོ་ཕིན་གྱིས་བསྟན་དོན། ནུས་ཁུངས་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མགོ་བརྩམས་པའི་ཚུན་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་བསམ་ཕྱོགས་གསར་སྐྲུན་བྱེད་པ། འཆར་འགོད་མཛུབ་སྟོན་ལ་ཤུགས་སྣོན་པ། འཕེལ་རྒྱས་ཁོར་ཡུག་བསྐྲུན་པ། ནུས་ཁུངས་བཟོ་ལས་རྒྱུན་མཐུད་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཟེར། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་གྱི་རྒྱུ་སྤུས་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། ཚུལ་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་གནད་འགག་དུས་རིམ་དུ་ཡོད་པས། ནུས་ཁུངས་ཀྱི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཧ་ཅང་གལ་ཆེ་ཟེར།

ཧའོ་ཕིན་གྱིས་བསྟན་དོན། མི་དམངས་མཁའ་འགྲུལ་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ཐོན་ལས་ཡིན་པ་དང་། མཚོ་སྔོན་ནི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་སྟེང་གི་གནས་གལ་ཆེན་དང་ཟི་ལིང་ཚོ་ཅཱ་པའོ་གནམ་གྲུ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲིལ་ལྟེ་གནས་དང་སྒོ་འབྱེད་ལམ་བུ་གལ་ཆེན་ཡིན་པས། ཟི་་ལིང་ཚོ་ཅཱ་པའོ་གནམ་གྲུ་ཐང་དང་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ན། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་གྲུབ་པར་ཕན་པ་ཡོད་པ་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འཕེལ་རྒྱས་ལ་སྔར་ལས་འདེགས་སྐྱོར་བཟང་བོ་བྱེད་ཐུབ་ཟེར། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། གནམ་གྲུ་ཐང་གི་སྐབས་གསུམ་པའི་བསྒྱུར་བཀོད་དང་རྒྱ་བསྐྱེད་བཟོ་སྐྲུན་མྱུར་དུ་ལག་བསྟར་བྱས་ཏེ། ཟི་ལིང་གནམ་གྲུ་ཐང་དེ་ནང་ལོགས་དང་སྦྲེལ་བ་དང་། ཞིན་ཅང་དང་བོད་ལྗོངས་སུ་བསྐྱོད་པ། ནུབ་ཕྱོགས་སུ་སྒོ་འབྱེད་བྱེད་པའི་ཁུལ་ཁོངས་གཙོ་བོའི་ལྟེ་གནས་སུ་འཛུགས་སྐྲུན་བྱེད་པ་དང་། མཁའ་འགྲུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། གནམ་གྲུ་ཐང་གཙོར་བྱས་ནས་མྱུར་དུ་མཁའ་འགྲུལ་དང་མྱུར་བགྲོད་ལྕགས་ལམ། སྤྱིར་བཏང་གི་ལྕགས་ལམ། མྱུར་བགྲོད་གཞུང་ལམ། གནས་སྐོར་གཞི་གཅིག་ཏུ་འདུ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། གྲུ་ཁ་དང་གྲོང་ཁྱེར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ། ཁུལ་ཁོངས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་གྱིས་ཐོན་ལས་འདུས་སྡོད་ལ་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་ཞིང་ཆེན་མྱུར་དུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་ཐད་འགྲིམ་འགྲུལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།