ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་འཕྲལ་སྒྲུབ་རྒུད་སྐྱོབ་དངོས་རྫས་སྐོར་དང་པོ་ཨི་ཀྭ་ཏོར་ལ་བསྐྱལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་སྲིད་གཞུང་གིས་ཨི་ཀྭ་ཏོར་ས་འགུལ་གནོད་ཐེབས་ས་ཁུལ་དུ་འདོན་སྤྲོད་བྱས་པའི་འཕྲལ་སྒྲུབ་རྒུད་སྐྱོབ་དངོས་རྫས་སྐོར་དང་པོ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཨི་ཀྭ་ཏོར་འབྱོར། ཀྲུང་གོ་དང་ཨི་ཀྭ་ཏོར་ཕྱོགས་གཉིས་ཀྱིས་གནམ་གྲུ་ཐང་ནས་དངོས་རྫས་བརྒྱུད་སྤྲོད་ཀྱི་མཛད་སྒོ་སྤེལ། དངོས་རྫས་དེའི་ནང་རས་གུར་སྟོང་ལྔ་དང་བཞི་བརྒྱ་དང་ལྟེབ་ཆོག་པའི་མལ་ཁྲི་ཁྲི་ཙམ་འདུས། དངོས་རྫས་འབྱོར་རྗེས་ཨི་ཀྭ་ཏོར་གྱིས་མྱུར་མོར་སྒྲིག་སྦྱོར་བྱས་པ་དང་། སྐྱེལ་འདྲེན་རླངས་འཁོར་ཆེན་མོའི་ནང་སྒྲིག་སྦྱོར་བྱས་རྗེས་ཅི་ཏའོ་ནས་ལམ་དུ་ཆས། ཚོད་དཔག་བྱས་ན་ཉིན་དེར་གནོད་ཐེབས་ས་ཁུལ་མན་ཐཱ་གྲོང་ཁྱེར་དུ་འབྱོར་སྲིད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།