ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་མགྲོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

66.jpg

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་ཙུང་ལི་གཞོན་པ་རིམ་པའི་གྲོས་མོལ་ལམ་ལུགས་ཀྱི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་དང་ཁྲིམས་ལུགས་བདེ་འཇགས་ལས་དོན་གཅིག་གྱུར་འཆར་འགོད་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་ཙུང་ལི་གཞོན་པ་རིམ་པའི་གྲོས་མོལ་ལམ་ལུགས་ཀྱི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་དང་ཁྲིམས་ལུགས་བདེ་འཇགས་ལས་དོན་གཅིག་གྱུར་འཆར་འགོད་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་དེང་སྐབས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་བར་གདེང་འཇོག་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དེས་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བར་ཤན་ཤུགས་གལ་ཆེན་ཐེབས་སྲིད་པར་མ་ཟད། ས་ཁུལ་རང་གི་ཞི་བདེ་དང་བརྟན་འཇགས་ལ་ཕན་པ་དང་། ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཟང་བོ་གཏོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱས་ནས། ཆབ་སྲིད་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། གཉིས་ཕན་མཉམ་རྒྱལ་ཡོང་བར་སྔར་ལས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ལུའུ་ཧུའུ་ཐི་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། བདེ་འཇགས་དང་ཉ་ལས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།