ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་རོང་དབྱི་རིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

57.jpg

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། བློ་མཐུན་རོང་དབྱི་རིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། 
 

58.jpg

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། བློ་མཐུན་རོང་དབྱི་རིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བློ་མཐུན་རོང་དབྱི་རིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་དྲུག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། བཞུགས་མོལ་ཚོགས་འདུ་མ་ཚོགས་གོང་། ཀྲང་ཏི་ཅང་གིས་བློ་མཐུན་རོང་དབྱི་རིན་གྱི་ཁྱིམ་མིར་མཇལ་འཕྲད་གནང་།

བློ་མཐུན་རོང་དབྱི་རིན་གྱིས་སྔོན་ཆད་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་དྲུག་པ་དང་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། སྐབས་ལྔ་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་རྒྱལ་སྤྱིའི་ཡིད་རྟོན་མངག་བཅོལ་དངུལ་གཏོང་ཀུང་ཟིའི་ཏུང་ཧྲི་ཀྲང་བཅས་ཀྱི་འགན་འཁུར་མྱོང་།

ཀྲང་ཏི་ཅང་གིས་གསུང་བཤད་གནང་སྐབས་བློ་མཐུན་རོང་དབྱི་རིན་གྱི་ཚེ་གོང་བོའི་ཁྱད་འཕགས་བྱས་རྗེས་ཁྱོན་ཡོངས་ནས་རྗེས་དྲན་མཛད། ཁོང་གིས་གསུངས་རྒྱུར། བློ་མཐུན་རོང་དབྱི་རིན་ནི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་ཡིན་ལ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། མི་རིགས་དར་རྒྱས་སུ་གཏོང་བ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་མ་ཟད། ཀྲུང་གོ་དེང་རབས་མི་རིགས་བཟོ་ལས་དང་ཚོང་ལས་ཀྱི་ཕུལ་བྱུང་འཐུས་མི་དང་། བཟོ་ཚོང་མཉམ་འབྲེལ་གྱི་ཕུལ་བྱུང་མགོ་ཁྲིད་པ་ཡིན་པས། ཁོར་རྒྱལ་ཡོངས་བཟོ་ཚོང་ལས་རིགས་ཀྱི་བརྩི་འཇོག་དང་ཡིད་ཆེས་ཐོབ་ཡོད་པ་དང་། ཁོ་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་གདོང་ལེན་པ་དང་ཀྲུང་གོ་རྒྱལ་སྤྱིའི་ཡིད་རྟོན་མངག་བཅོལ་དངུལ་གཏོང་ཀུང་ཟི་གསར་སྐྲུན་བྱེད་མཁན་ཡང་ཡིན་པས། ཁོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་ཡོད་ཟེར།

ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། དེང་སྐབས་ང་ཚོ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་ཆོད་དུས་རིམ་དུ་བསླེབས་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལྟར། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཅངས་པ་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འཐབ་བརྩོན་ལྷོད་མེད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།