ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ་གཏན་ལ་ཕབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གིས་ཉེ་ལམ་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ་གཏན་ལ་ཕབ།

«བསམ་འཆར»ལས་ནན་གྱིས་བཀོད་དོན། ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བ་ནི་དཔལ་འབྱོར་སྒྲིག་གཞི་འཐབ་ཇུས་རང་བཞིན་གྱིས་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་ལ། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། དཔལ་འབྱོར་གྱི་རྒྱབ་རྟེན་ས་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། རྒྱལ་དབང་རྒྱུ་ནོར་གྱི་བཀོད་སྒྲིག་ལེགས་སྒྲིག་བྱས་ནས། རྒྱལ་དབང་དཔལ་འབྱོར་གྱི་གཙོ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པའི་དོན་དངོས་ཀྱི་རེ་བ་ཡིན་ལ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་འཐབ་ཇུས་ཀྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། བྱང་ཕྱོགས་སྐྱེ་ཁམས་བདེ་འཇགས་མ་ལག་འཛུགས་སྐྲུན་བྱེད་པའི་ནུས་ལྡན་འགན་སྲུང་ཡང་ཡིན་པས། ཤར་བྱང་བཟོ་ལས་རྟེན་གཞི་རྙིང་བ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ངོས་འཛིན་གང་ལེགས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་རླབས་ཆེན་ལས་དོན་དེ་འཕེལ་རྒྱས་སུ་བཏང་ནས་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས་ཟེར།

«བསམ་འཆར»ལས་ད་རུང་སྒྲིག་གཞི་དང་ལམ་ལུགས་ནུས་ཡོད་སྒོས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་གཞི་ལེགས་སྒྲིག་བྱེད་པར་ནུས་ཡོད་སྒོས་སྐུལ་འདེད་གཏོང་བ། གསར་གཏོད་ལས་སྐྲུན་བྱེད་པར་ནུས་ཡོད་སྒོས་སྐུལ་མ་གཏོང་བ། དམངས་ཚིས་ལ་ནུས་ཡོད་སྒོས་ཁག་ཐེག་དང་ལེགས་བཅོས་བྱེད་པ། བྱ་བ་མཐའ་དག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་སོགས་ཀྱི་རེ་བ་བཏོན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།