ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

41.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
 

42.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
 

43.jpg

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་བཞི་བའི་ཚེས་ཉེར་གཉིས་ནས་ཚེས་ཉེར་ལྔ་ཉིན་བར་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། གཞི་རིམ་གྱི་ཏང་འཛུགས་བྱ་བ་གཙིགས་འཛིན་བྱེད་པ་དང་། གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་བྱ་འགུལ་ནན་ཏན་སྒོས་སྤེལ་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་དུ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་གཅིག་སྒྲིལ་གྱི་སྟོབས་ཤུགས་དང་འཐབ་འཛིང་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིག་ཡུན་ཧྲན་ཀྲའ་ཧྲིའེ་རྫོང་ཀྲུའུ་ཅན་བན་སྡེ་བ་དང་། ཕན་ལུང་སྨན་བཟོ་སྡེ་ཚོགས་ཚད་ཡོད་ཀུང་ཟིར་ཕེབས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། གཞི་རིམ་ཏང་འཛུགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པ་དང་། ཐད་ཀར་དུ་མང་ཚོགས་ལ་ཞབས་ཕྱི་སྒྲུབ་དགོས་པར་མ་ཟད། གཞི་རིམ་གྱི་བྱ་བ་འཛིན་པ་དང་རྨང་གཞིའི་བྱ་བ་ཇེ་བརྟན་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཚན་ཁག་དང་སྣེ་ཁྲིད་པའི་དཔུང་སྡེ་བཀོད་སྒྲིག་བཟང་བོ་བྱས་ནས། མང་ཚོགས་སྣེ་ཁྲིད་དང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་གཞི་རྩའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། འཐང་འཛིང་ནུས་པ་དང་གདོང་ལེན་པའི་མིག་དཔེའི་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས་ཟེར། ལིག་ཡུན་ཧྲན་ད་རུང་ཁྲང་ཨན་སློབ་གྲྭ་ཆེན་མོ་དང་ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོར་ཕེབས་ཏེ། མཐོ་རིམ་སློབ་གྲྭ་ཆེན་མོའི་ཏང་འཛུགས་དང་བསམ་བློའི་ཆབ་སྲིད་བྱ་བར་གཟིགས་ཞིབ་མཛད་པར་མ་ཟད། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཆེན་མོ་ཁ་ཤས་ཀྱི་འགན་ཁུར་བ་དང་དགེ་སློབ་འཐུས་མི་རྣམས་དང་བཞུགས་མོལ་མཛད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།