ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཛའ་འབྲེལ་ཚོགས་པའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་བར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

40.jpg

ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཛའ་འབྲེལ་ཚོགས་པའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་བར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཛའ་འབྲེལ་ཚོགས་པའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་བར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་གསུང་རྒྱུར། རྒྱ་ཆེའི་ཐེ་ཝན་གྱི་ཚོང་བ་དང་ཐེ་ཝན་ཁེ་ལས་མཛའ་འབྲེལ་ཚོགས་པས་རྒྱལ་ནང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གལ་ཆེན་བཞག་ཡོད། རྒྱལ་ནང་གིས་ཐེ་ཝན་གྱི་ཁེ་ལས་དང་ཚོང་ལས་རྒྱལ་ནང་ནས་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་ཚད་མཐོན་པོ་དང་རྒྱབ་སྐྱོར་གྱི་མཐུན་རྐྱེན་སྣ་ཚོགས་སྐྲུན་བཞིན་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། རྒྱལ་ནང་གིས་ཐེ་ཝན་ལ་བཏོན་པའི་སྲིད་ཇུས་བྱེད་ཕྱོགས་ཧ་ཅང་གསལ་བོ་ཡིན་ལ། དེ་ནི་ཐེ་ཝན་སྲིད་ཇུས་ཀྱི་སྤྱིའི་འགྱུར་ལྡོག་དང་བསྟུན་ནས་བསྒྱུར་མི་སྲིད། ང་ཚོས་དགུ་གཉིས་ཐུན་མོང་ལྟ་ཚུལ་གྱི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དང་ཞི་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྲུང་སྐྱོབ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཐེ་ཝན་ཚོང་ཚོགས་ཀྱིས་མུ་མཐུད་དུ་མི་གཙོ་བོར་འཛིན་པ་དང་འགན་ཁུར་ཕོད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་ལ་སྔར་ལས་བྱས་རྗེས་འཇོག་པར་རེ་བ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།