ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་ཚོགས་ཐོག་ཏུ་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས། གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་དམ་པོར་དམིགས་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་སྤྱིའི་འོས་འགན་ལ་འགན་སྲུང་བྱེད་པ། ཆབ་སྲིད་དང་ལས་སྒོ འགན་འཁྲི། སྒྲིག་ལམ། ཀུན་སྤྱོད་བཅས་ཀྱི་ཐད་ནས་ཉམས་སད་ཐེག་ཐུབ་པའི་སྤྱིའི་རེ་བ་ཡིད་ལ་དམ་པོར་འཛིན་པ། བསམ་བློའི་ཆབ་སྲིད་དང་ལས་སྒོའི་ནུས་པ། སྒྲིག་ལམ་ཀུན་སྤྱོད་འཛུགས་སྐྲུན་གཏོང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་སྲིད་ཁྲིམས་དཔུང་སྡེའི་བསམ་བློའི་ཆབ་སྲིད་སྤུས་ཚད་དང་འགན་ནུས་ལག་བསྟར་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲིའི་ལས་འགན་ལག་བསྟར་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།