ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཁག་གི་ཚན་གཙོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་ཝང་ཆི་ཧྲན་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ནས་གཏམ་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཁག་གི་ཚན་གཙོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བ་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྩ་བའི་ཁག་ཐེག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གི་གསུང་བཤད་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དེ་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་ཟུང་སྦྲེལ་བྱས་ཏེ། སྡེ་ཁག་སོ་སོའི་དོན་དངོས་དང་དམ་དུ་སྦྲེལ་བ་དང་། དོན་དག་ཆུང་ངུ་ནས་མགོ་བརྩམས་ཏེ། ཏང་གི་སྒྲིག་ཡིག་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས། གཟབ་ནན་དང་དོན་དམ་གྱི་ཁྲོད་ནས་ཟབ་ཚད་དང་ཞིབ་ཚད་མཚོན་པར་བྱེད་པ་བཅས་བྱས་ཏེ། ཏང་གི་གོང་བུ་སྒྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཟེར།

གྲོས་ཚོགས་ནས་ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བ་ནི་ཁ་གཡང་ཙམ་ཞིག་མིན་པར་འགུལ་སྐྱོད་ངོ་མ་ཡིན་ལ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མངགས་སྡོད་ལས་ཁུངས་ནི་ཏང་ཀྲུང་དབྱང་གིས་སྡེ་ཁག་སོ་སོ་རུ་བཙུགས་པའི་ལྟ་རྟོག་བརྙན་མིག་ལྟ་བུ་ཡིན་པས། ལྟ་རྟོག་སྒྲིག་འཛིན་འགན་འདྲི་ལ་དམ་དུ་དམིགས་ནས། ཏང་གི་སྒྲིག་ཡིག་གིས་གནང་བའི་འགན་ནུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་སྐབས་ངེས་པར་དུ་རྒྱུན་འཁྱོངས་ཁྲོད་ནས་ཟབ་སྤེལ་དང་ཟབ་སྤེལ་ཁྲོད་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞིབ་ཏུ་ཉན་པ་དང་ནན་གྱིས་བལྟས་ནས་གནད་དོན་རྙེད་ན་མྱུར་དུ་ཐག་གཅོད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།