ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཕྱི་འབྲེལ་དཔོན་པོའི་རྒྱུན་ལྡན་གྱི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་གསུང་བཤད་གནང་རྒྱུ་རེད།

ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ནི་གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་བཙུགས་པ་དང་། ད་ལྟ་ཁོངས་ཞུགས་རྒྱལ་ཁབ་ཉེར་དྲུག་དང་ལྟ་ཞིབ་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བཅུ་གཉིས་ཡོད། མིག་སྔའི་བར་དུ་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་ལྟ་ཞིབ་རྒྱལ་ཁབ་དང་། རྒྱལ་སྤྱིའི་རྩ་འཛུགས་བཅས་འདུ་བའི་འཐུས་ཚབ་ཚོགས་པ་བཞི་བཅུ་ཙམ་གྱིས་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་དེར་ཞུགས་རྒྱུ་ཐག་བཅད་ཡོད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།