ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ལས་བྱེད་པའི་ཀློག་དེབ་ལ་སློབ་སྦྱོང་ནན་མོ་བྱེད་དགོས་པའི་བརྡ་ཐོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ལས་བྱེད་པའི་ཀློག་དེབ་ལ་སློབ་སྦྱོང་ནན་མོ་བྱེད་དགོས་པའི་བརྡ་ཐོ་བཏང་།

བརྡ་ཐོའི་ནང་བཀོད་དོན། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནི་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བཟང་བོ་བྱེད་པ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ལས་བྱེད་པའི་ཀློག་དེབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་དང་པོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་བཀོད་ཡོད་ལ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ཕུན་སུམ་ཚོགས་པའི་ནང་དོན་དང་། བགྲོད་ལམ། ཁྱབ་ཁོངས་ཀྱི་ལས་འགན། ཁྲིམས་སྐྱོང་འགན་སྲུང་། ལག་ལེན་དང་རེ་བ་བཅས་ངོ་སྤྲོད་བྱས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བར་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ལེན་པའི་ཟུར་ཁྲིད་དཔྱད་གཞིའི་ཡིག་རིགས་གལ་ཆེན་ཞིག་ཡིན་ལ། གནས་བབ་གསར་བའི་འོག་རྒྱལ་ཁབ་བདེ་འཇགས་བྱ་བའི་འབྲེལ་ཡོད་ལས་བྱེད་མི་སྣས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་སློབ་དེབ་ཞིག་ཀྱང་ཡིན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།