ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

ཚེས་བཅུ་དགུའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུའི་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་བཞི་འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཆོངས་བསྐྱོད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱུང་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་བར་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 
        ཞི་ཅིན་ཕེན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གཞི་རྩར་བཟུང་ནས་ཆབ་སྲིད་ཐད་ཀྱི་ཡིད་ཆས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོངས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་སྡེ་ཁག་དང་ཁྲིམས་འཛུགས་སྡེ་ཁག ཏང་གཉིས་བར་གྱི་བརྗེ་རེས་བཅས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་དཔལ་ཡོན་ཧན་ཅི་ཡིས་བསྟན་དོན། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལའབྱོར་ཉོ་ཚོང་དང་དངུལ་གཏོང་། ཚན་རིག་ཞིབ་འཇུག ཟས་རིགས་བདེ་འཇགས་སོགས་ཁེ་ལས་སྦྲེལ་མཐུད་མཉམ་ལས་ལ་ཤུགས་བསྣན་ནས། ཡུན་རིང་གཏན་འཇགས་ཀྱི་ཞིང་ལས་མཉམ་ལས་ཐད་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཧུར་ཐག་གི་སྒོ་ནས་ནེའུ་ཙི་ལན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཞུགས་འདོད་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་སྐྱེ་དངོས་སྨན་རྫས་དང་ནུས་གྲོན་ཁོར་སྲུང་། གསར་སྐྲུན་ཁེ་ལས་སོགས་མཉམ་ལས་འཕར་སྣོན་གསར་བར་ཤུགས་སྣོན་པ། སློབ་གསོ་དང་གནས་སྐོར་སོགས་ཁྱབ་ཁོངས་ནས་སྔར་ལས་མང་པོའི་མཉམ་ལས་སྤེལ་ཏེ། ཕྱོགས་གཉིས་བར་གྱི་མི་གཞུང་བརྗེ་རེས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 
       མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་དམ་ཞིང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་གཞུང་བརྗེ་རེས་ཐད་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། མིག་སྔར་ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕྲད་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ནེའུ་ཙི་ལན་དང་ཀྲུང་གོའི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་འཕར་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། ཕྱོགས་གཉིས་ཀྱིས་ཞིང་ལས་དང་གནས་སྐོར། སློབ་གསོ། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར། རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།