ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱ་གར་གྱི་རྒྱལ་སྲུང་པུའུ་ཀྲང་ཕ་ལི་ཁ་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱ་གར་གྱི་རྒྱལ་སྲུང་པུའུ་ཀྲང་ཕ་ལི་ཁ་ཨར་ལ་མཇལ་འཕྲད་གནང་། 

3.jpg

ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱ་གར་གྱི་རྒྱལ་སྲུང་པུའུ་ཀྲང་ཕ་ལི་ཁ་ཨར་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱ་གར་གྱི་རྒྱལ་སྲུང་པུའུ་ཀྲང་ཕ་ལི་ཁ་ཨར་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་གལ་ཆེན་ཡིན་ལ། འཛམ་གླིང་སྟེང་གི་མི་གྲངས་ཆེས་མང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡང་ཡིན་པས། ཕན་ཚུན་བར་ཞི་བདེ་མཉམ་གནས་དང་མཛའ་མཐུན་མཉམ་ལས་བྱེད་པ་དེ་ཕྱོགས་གཉིས་ལ་ཕན་པར་མ་ཟད། འཛམ་གླིང་ལའང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱ་གར་ཕྱོགས་དང་འགྲོ་འོང་དམ་པོ་བྱེད་པ་དང་། འཐབ་ཇུས་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ། ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་པ། འགལ་བ་ཐག་གཅོད་བཟང་བོ་བྱེད་པ་བཅས་བྱས་ནས། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་འགོག་སྲུང་ལས་ཁུངས་དང་དམག་དཔུང་གིས་འགྲོ་འོང་དང་གྲོས་མོལ། འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ཏེ། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཆ་རྐྱེན་དང་ཁོར་ཡུག་བཟང་བོ་བསྐྲུན་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཅེས་ནན་གྱིས་གསུངས།

ཕ་ལི་ཁ་ཨར་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱ་གར་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་། འབྲེལ་ཡོད་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། མུ་མཐུད་དུ་ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།