ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་གཉིས་ཀྱི་སྤྱི་དམངས་ཁྲོད་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བའི2016ལོ་ནས2020ལོའི་བར་གྱི་ལོ་ལྔའི་འཆར་འགོད་ཐེངས་བདུན་པ»བརྒྱུད་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་གཉིས་ཀྱི་སྤྱི་དམངས་ཁྲོད་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བའི2016ལོ་ནས2020ལོའི་བར་གྱི་ལོ་ལྔའི་འཆར་འགོད་ཐེངས་བདུན་པ»བརྒྱུད་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

«བརྡ་ཐོའི»ནང་བཀོད་དོན། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏོང་བའི་ཁ་ཕྱོགས་ནི་སློབ་གསོ་དང་ལེན་བྱེད་ཐུབ་པའི་སྤྱི་དམངས་མཐའ་དག་ཡིན་ལ། གཙོ་བོ་ནི་མགོ་ཁྲིད་ལས་བྱེད་པ་དང་ན་གཞོན་ལོ་ཆུང་ཡིན། དམིགས་འབེན་གཙོ་བོ་ནི། ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་སློབ་གསོ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཕན་འབྲས་རང་བཞིན་སྔར་ལས་ཇེ་ཆེར་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་བྱ་བ་སྔར་ལས་བཟང་བོར་སྒྲུབ་པ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཏང་ཡོན་ཡོངས་ཀྱི་ཏང་གི་སྒྲིག་ཡིག་དང་སྒྲིལ་སྲོལ་གྱི་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་བྱ་བའི་བརྩོན་སེམས་མངོན་གསལ་སྒོས་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས། ཁྲིམས་བརྩི་སྲུང་བྱེད་པ་ནི་གཟི་བརྗིད་ཡིན་པ་དང་ཁྲིམས་འགལ་བ་ནི་ངོ་ཚ་ཡིན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཆགས་པར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་ལག་བསྟར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་སྐྲུན་རྒྱུ་དེ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།