ལིག་ཆི་པོ་ཡིས་རྒྱལ་ཁབ་དཔེ་མཛོད་ཁང་གི་བྱ་བར་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཀྲང་ལིག་ཆི་པོ་ཡིས་རྒྱལ་ཁབ་དཔེ་མཛོད་ཁང་ལ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་ཕྱོགས་སུ་སྒྱུར་བ་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ལ། དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་ཇེ་ཆེར་བཏང་ནས། ཀྲུང་ཧྭའི་རིག་གནས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལིག་ཆི་པོ་ཡིས་རྒྱལ་ཁབ་དཔེ་མཛོད་དུ་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་ཁྱབ་གདལ་བྱ་བར་རྟོག་ཞིབ་བྱས་ཤིང་། ཉེ་བའི་ལོ་འགའི་རིང་ལ་པར་སྐྲུན་བྱས་པའི་ཕུལ་བྱུང་དཔེ་ཆ་སོགས་ལ་ལྟ་ཞིབ་བྱས་པར་མ་ཟད་ཆེད་ལས་མཁས་པ་རྣམས་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས།

ལིག་ཆི་པོ་ཡིས་བཤད་རྒྱུར། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་པ་དང་ད་ལྟ་སྔར་བཞིན་ཤེས་རབ་ཀྱི་གཟི་འོད་འཕྲོ་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།