ཀྲང་ཀའོ་ལིས་ཀྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གཉིས་ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨུ་རུ་སི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་མུས་ལི་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་གཉིས་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨུ་རུ་སི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་མུས་ལི་ལ་མཇལ་འཕྲད་གནང་། ཀྲང་ཀའོ་ལིས་ཀྱིས་གསུང་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་དངོས་གཉེར་མཉམ་ལས་དང་ལྷག་པར་དུ་ནུས་ཁུངས་མཉམ་ལས་ཕྱོགས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་བྱུང་ཡོད། ནུས་ཁུངས་མཉམ་ལས་ལ་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན་དྲག་པོ་ལྡན་པས། ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་བྱས་ཟིན་པའི་རྒྱལ་ཁབ་གཉིས་ཀྱི་སྔར་ཡོད་སྣུམ་རླངས་སྦུག་ལམ་དང་རླངས་སྣུམ་མཁོ་སྤྲོད་འཕར་སྣོན་སོགས་ལས་གཞི་གལ་ཆེན་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་བར་གྱི་ཤར་ལམ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་དང་ཡ་མ་ཨར་གཤེར་གཟུགས་རླངས་སྣུམ་ལས་གཞི་འཛུགས་སྐྲུན་བཟང་བོ་བྱས་ཏེ། ནུབ་ལམ་རང་བྱུང་སོལ་རླངས་སྦུག་ལམ་སོགས་ལས་གཞི་གལ་ཆེན་ཐད་ཀྱི་གྲོས་མོལ་མྱུར་དུ་སྤེལ་དགོས་པར་མ་ཟད། ད་དུང་མཉམ་ལས་ཀྱི་ལས་གཞི་གསར་བར་ཧུར་ཐག་གིས་གྲོས་བསྡུར་བྱེད་དགོས། མཉམ་ལས་ཀྱི་རྣམ་པའི་ཕྱོགས་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་བསམ་ཕྱོགས་གསར་སྐྲུན་བྱེད་པ་དང་། ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་ཁུར་གྱི་རྩ་དོན་གཞིར་བཟུང་ནས་ལག་རྩལ་ཞབས་ཞུ་དང་ལས་གཞི་འཛུགས་སྐྲུན། རླངས་སྣུམ་ཕྱིར་འཚོང་ཞབས་ཞུ་སོགས་ཁྱབ་ཁོངས་གསར་བའི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་རྒྱུན་མཐུད་དང་གཏན་འཇགས་ཀྱི་ངང་ནས་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་རྒྱུན་འཁྱོངས་བྱེད་དགོས་ཟེར།

མུས་ལི་ཡིས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ནུས་ཁུངས་མཉམ་ལས་ཀྱིས་དངོས་སུ་འཆར་གཞི་ལྟར་དུ་ཤར་ལམ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ནུབ་ལམ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞིར་ཧུར་ཐག་གིས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་ནུས་ཁུངས་ཀྱི་ཁྱབ་ཁོངས་སོ་སོའི་འཐབ་ཇུས་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།