ལིག་ཡུན་ཧྲན་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་།

41.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་གྱིས་ཚེས་ཉེར་གཅིག་ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་གྱིས་ཚེས་ཉེར་གཅིག་ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་ཀའོ་ཁི་ཡིས་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚམས་འདྲི་བྱས་པར་མ་ཟད་ཆེད་ལས་མཁས་པ་དང་སློབ་མ་རྣམས་དང་བཞུགས་མོལ་བྱས་པར་གཟེངས་བསྟོད་བྱས། ཁོང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་ལ་སོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀའོ་ཁི་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་འབད་བརྩོན་བྱས་པར་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད། འཇན་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བརྗེ་རེས་ཇེ་མང་དུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།