ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་།

39.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་མཛད་བཞིན་པའི་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལིས་ཁི་ཆང་གིས་བསྟན་དོན། འཇར་མན་ནི་ཀྲུང་གོའི་ཡོ་རོབ་གླིང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ལོ་མང་བོའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་བྱས་པ་དང་། ལྷག་བསམ་རྣམ་དག་གིས་ཕན་ཚུན་ལ་འདྲ་གྱི་ལྟ་སྟངས་བཟུང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་ནང་དོན་གལ་ཆེན་དུ་གྱུར་ཡོད། ཀྲུང་གོས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་སྔར་ལས་ཆེན་པོ་འབྱུང་བར་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་མཉམ་ལས་ཉིན་རེ་བཞིན་ཇེ་དམ་དུ་འགྲོ་བཞིན་ཡོད། ང་ཚོས་འཇར་མན་བར་གྱི་ཉོ་ཚོང་དང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཀའོ་ཁི་ཡིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ལྟ་བ་དངོས་འབེབས་ལེགས་པོ་བྱེད་པ་དང་། རིམ་པ་སོ་སོའི་འགྲོ་འོང་ཟབ་སྤེལ་བྱེད་པ། ཕན་ཚུན་བར་གྱི་ཡིད་ཆེས་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། མཐོ་རིམ་ཚན་རྩལ་དང་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། སློབ་གསོ་དང་ལུས་རྩལ་སོགས་ཀྱི་མི་ཚུལ་བརྗེ་རེས་རྒྱ་བསྐྱེད་པ་བཅས་བྱས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་འཇར་མན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝན་ཀང་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།