ལིས་ཁི་ཆང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལ་ཅ་ཏི་ལ་མཇལ་འཕྲད་གནང་།

38.jpg

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལ་ཅ་ཏི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལ་ཅ་ཏི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ལ་ཅ་ཏི་ཡིས་བསྟུད་མར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ཡི་འགན་ཁུར་བར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ལ་གཏན་འཇགས་མིན་པའི་རྒྱུ་རྐྱེན་མང་པོ་གནས་ཡོད་པས། དཔལ་འབྱོར་ཚོགས་པ་སོ་སོས་ཆེ་ཕྱོགས་ཀྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཛམ་གླིང་གི་དཔལ་འབྱོར་དངུལ་ལོར་མ་ལག་གཏན་འཇགས་ཡོང་བར་སྲུང་སྐྱོབ་དང་སྐུལ་འདེད་གཏོང་དགོས། ཀྲུང་གོ་སྲིད་གཞུང་གིས་ཁྲོམ་རའི་བར་མཐུན་སྦྱོར་བཟང་བོ་བྱེད་པར་མཐོང་ཆེན་བྱེད་པ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་ལས་ཁུངས་གཙོ་བོའི་ནུས་པ་དང་གྲོས་གཞི་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་བར་གྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

དངུལ་ལོར་ཁྲོམ་རའི་སྲིད་ཇུས་གླེང་སྐབས་ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་འཛམ་གླིང་སྟེང་དུ་དངུལ་ལོར་གྱི་འཐབ་འཛིང་འབྱུང་བར་གཏན་ནས་འཐད་པ་མིན། དེ་ནི་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་གནོད་པ་ཆེན་པོ་ཡོད་ཟེར།

ལ་ཅ་ཏི་ཡིས་ཀྲུང་གོའི་གྲོས་ཚོགས་གཉིས་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། མ་འོངས་པ་ན་ཀྲུང་གོའི་དཔལ་འབྱོར་གྱིས་མུ་མཐུད་དུ་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།