ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཚོགས་པེ་ཅིན་ནས་ཚོགས་མགོ་བརྩམས།

bf533ebfa318b75f7b4492d878490d80.jpg

ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཚོགས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཚོགས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། འདས་པའི་ལོ་ལྔ་ནི་ཀྲུང་གོའི་འཕེལ་རྒྱས་དེ་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། ང་ཚོས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་པ་དང་ཀུན་གྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བཏོན་པ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་ཡང་ན་དེ་ལས་རིང་བའི་དུས་སྐབས་ཀྱི་ཀྲུང་གོའི་འཕེལ་རྒྱས་བསམ་ཕྱོགས་དང་འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཀྱི་གཞི་འཛིན་ས་བཅས་གཅིག་སྡུད་སྒོས་མཚོན་པར་བྱས་ཡོད་པས། ང་ཚོས་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་པ་དང་། མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་དོ་མཉམ་འཕེལ་རྒྱས་ཀྱི་གྲུབ་ཚུལ་ཆགས་པར་བྱེད་དགོས་ལ། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས་པ་དང་། སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པར་མ་ཟད། མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ནུས་པ་ཇེ་ཆེར་གཏོང་བ་དང་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་འགན་སྲུང་བྱེད་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོས་འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་མགོ་ཚུགས་པའི་ལོ་ཡིན་ལ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་མཁྲེགས་གཏོར་ལོ་ཡང་ཡིན། དེང་སྐབས་འཛམ་གླིང་དཔལ་འབྱོར་ལ་ལེགས་སྒྲིག་ཟབ་མོ་བྱེད་པ་དང་བསྐྱར་དར་ནུས་པ་ཞན་པས་ཀྲུང་གོའི་དཔལ་འབྱོར་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གྱི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལྟར། འཕེལ་རྒྱས་གསར་བའི་འདུ་ཤེས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་འཇགས་ཁྲོད་ནས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། ལུགས་མཐུན་གྱི་བར་སྟོང་དུ་དཔལ་འབྱོར་འཁོར་རྒྱུགས་བྱེད་པ་སྲུང་འཛིན་བྱེད་དགོས་ལ། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་དང་ཉེན་ཁ་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་སྒོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགོ་བཟང་བོ་ཞིག་ཚུགས་པ་མངོན་འགྱུར་བྱེད་དགོས་ཟེར།

སྐབས་འདིའི་ཀྲུང་གོ་འཕེལ་རྒྱས་གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་བསྒྲུབས་བྱས་པ་དང་། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་ལོ་ལྔའི་འཆར་གཞི་གསར་བའི་དུས་སྐབས་ཀྱི་ཀྲུང་གོ་ཞེས་པ་དེ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་པ། སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི་བཅས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།