ཞིན་ཧྭ་གསར་འགྱུར་ཁང་གིས་དབང་ཆ་ཐོབ་པ་ལྟར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཡོངས་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གིས་ཚེས་ཉི་ཤུ་ཉིན་དབང་ཆ་ཐོབ་པ་ལྟར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཡོངས་བསྒྲགས་བྱས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚེས་བཅུ་དྲུག་ཉིན་བརྡས་ཐག་བཅད་དེ་སྙན་ཞུ་དེ་གཉིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་སྙན་ཞུ་དེ་གཉིས་ལ་ཆོག་མཆན་བཀོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ལས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འདས་པའི་ལོ་གཅིག་གི་ནང་དུ་ཁྲིམས་ལྟར་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་དང་ཟབ་སྤེལ་བྱས་པའི་གནས་ཚུལ་ཕྱིར་དྲན་བྱས་པར་མ་ཟད་ཕྱོགས་ལྔ་ནས་ཉིས་སྟོང་བཅུ་དྲུག་ལོའི་བྱ་བར་བཀོད་སྒྲིག་བྱས།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་འདས་པའི་ལོ་གཅིག་གི་ནང་དུ་བསྒྲུབས་པའི་བྱ་བར་ཕྱིར་དྲན་བྱས་པར་མ་ཟད་ཕྱོགས་དྲུག་ནས་ཉིས་སྟོང་བཅུ་དྲུག་ལོའི་བྱ་བར་བཀོད་སྒྲིག་བྱས། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།