ཞི་ཅིན་ཕེན་གྱིས་གློག་འཕྲིན་བཏང་ནས་ཏེན་ཅའོ་འབར་མའི་ཙུང་ཐུང་ལ་གདམ་པར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏིན་ཅའོ་ལ་གློག་འཕྲིན་བཏང་སྟེ། ཁོ་རང་འབར་མ་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་གདམ་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུང་རྒྱུར། ཙུང་ཐུང་ཏིན་ཅའོ་ལགས་ཀྱི་མགོ་ཁྲིད་འོག་ཏུ་འབར་མ་མི་དམངས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་བགྲོད་ལམ་སྟེང་དུ་སྔར་ལས་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།
       ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ནི་རི་ཆུ་གཅིག་ལ་འབྲེལ་ཞིང་མཛའ་མཐུན་གྱི་འབྲེལ་བ་ཧ་ཅང་རིང་བོ་ཡོད། མུ་མཐུད་དུ་ཀྲུང་གོ་དང་འབར་མ་གཉིས་བར་གྱི་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་གཏན་འཇགས་ཀྱི་ངང་ནས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།