ཞི་ཅིན་ཕེན་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་ཞེ་གསུམ་པར་མིང་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་ཀྲུའུ་ཞིའི་བཀའ་ཁྱབ་ཨང་ཞེ་གསུམ་པར་མིང་བཀོད། ཀྲུའུ་ཞིའི་བཀའ་ཁྱབ་ཨང་ཞེ་གསུམ་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དགེ་སྒྲུབ་བཅའ་ཁྲིམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་དུ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྲོས་འཆམ་བྱུང་ནས་ཁྱབ་སྒྲོག་བྱས་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།