ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧིག་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥུན། ཁྲིན་ཡོན། ལུའུ་ཀྲན་གུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲུན། ཁྲིན་ཞོ་ཀོང་། མ་ཕེ་ཧྭ། ལིག་ཞོ་ཧྥུན། ཝང་ཅན་མེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཨུ་ཡོན་སྟོང་གཉིས་དང་ཉིས་བརྒྱ་དང་བཅུ་བཞི་ཞུགས་དགོས་པ་དང་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་གཅིག་དངོས་སུ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཁྱབ་སྒྲོག་བྱས།

ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

ཡུས་ཀྲིན་ཧྲིན་གྱིས་གསུང་བཤད་གནང་སྐབས་གསུང་རྒྱུར། གྲོས་ཚོགས་ཀྱི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་མགོ་རྩོམ་པའི་ཚོགས་འདུ་དང་མཇུག་རྫོགས་པའི་ཚོགས་འདུར་ཞུགས་པ་དང་། ཚན་ཆུང་ཁ་ཤས་སུ་ཞུགས་ཏེ་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་བཅོས་སྲིད་སྐྱོང་གི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་ནན་ཏན་སྒོས་ལག་བསྟར་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ཡིག་ཆ་གལ་ཆེན་ལ་གྲོས་བསྡུར་བྱས་པ་དང་། དོན་དག་སྣ་ཚོགས་ལ་ཇུས་འགོད་བྱས་ནས་གྲུབ་འབྲས་ཆེན་པོ་བླངས། ཚོགས་འདུས་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། བརྩོན་ལེན་བཅས་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་སྲིད་གྲོས་དེ་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྐུལ་སློང་གལ་ཆེན་ཞིག་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུང་རྒྱུར། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཇུས་འདོན་ཤུགས་འདོན་བྱེད་པར་དམིགས་པ་ནི་མི་དམངས་སྲིད་གྲོས་ཀྱི་འདོར་ཐབས་མེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། རང་རྟོགས་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་ཞབས་ཕྱི་བསྒྲུབ་པ་དང་ལེན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྲོག་ཤིང་ཡིན་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ནམ་ཡང་འགྱུར་བ་མེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་སྲུང་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་དམིགས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཇུས་འདོན་ཤུགས་འདོན་བྱེད་པ་དེ་འགན་ནུས་ལག་བསྟར་བྱེད་པའི་ཐབས་ལམ་གཙོ་བོ་བྱེད་པ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་དཀའ་གནད། གསར་གཏོད་གསར་སྐྲུན་གྱི་གནད་དོན་གལ་ཆེན་བཅས་ལ་དམ་པོར་སྦྲེལ་ཏེ། རྟོག་ཞིབ་ཟབ་མོ་བྱེད་པ་དང་གཅིག་སྡུད་སྲིད་གླེང་། ནུས་ལྡན་ལྟ་རྟོག་བཅས་བྱས་ནས་ཧུར་ཐག་སྒོས་སྔར་ལས་མང་པོའི་བསམ་འཆར་དང་གྲོས་གཞི་བཟང་བོ་འདོན་དགོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་མི་དམངས་སྲིད་གྲོས་དེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་མཐུན་སྒྲིལ་གཞི་ཁྱོན་རྒྱ་བསྐྱེད་ཅིང་ཐུན་མོང་གི་ལྟ་ཚུལ་ཇེ་མང་དུ་བཏང་ནས་ཧུར་ཐག་སྒོས་མཉམ་སྐྲུན་ལས་སྤེལ་གྱི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཧུར་ཐག་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལག་ལེན་ཁྲོད་དུ་ཞུགས་ཏེ། ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཨུ་ཡོན་གྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། སྲིད་གྲོས་ལ་རྒྱུས་ལོན་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ་བཅས་བྱེད་དགོས་པ་དང་། བདེན་པར་སྨྲ་བ་དང་ཇུས་གཞི་ལེགས་འདོན། ཐབས་ལམ་གལ་ཆེན་འདོན་པ་རྒྱུན་འཁྱོངས་བྱེད་དགོས་ལ། དངོས་ཡོད་དང་བསྟུན་པ་དང་ཕྱོགས་ལྷུང་ལྟ་ཚུལ་གཏན་འགོག་བྱེད་པ་དང་། ནན་ཏན་སྒོས་བྱ་བ་བསྒྲུབ་པ་དང་མི་ལེགས་པའི་བྱ་སྤྱོད་གཏན་འགོག་བྱེད་པ། སྲིད་གྲོས་བྱ་བའི་ཁྲོད་དུ་འགན་ནུས་ལག་བསྟར་བྱས་ཏེ་རང་གི་ལས་གནས་སུ་བྱས་རྗེས་འཇོག་པ་དང་མང་ཚོགས་ཁྲོད་དུ་དཔེ་སྟོན་གྱི་ནུས་པ་བཏོན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུང་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་སྤོབས་པ་ཆེན་པོས་བྱ་བ་བསྒྲུབ་པ་དང་། མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

མ་ཁེ་དང་ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པོ། ཞུའུ་ཆི་ལེང་། སུན་ཁྲོན་ལན། སུན་ཀྲིན་ཚེ། ལིས་ཅན་གོ། ལིས་ཡོན་ཁྲའོ། ཝང་ཡང་། ཀྲང་ཁྲོན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲོན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཀྲའོ་ཧོང་ཀྲུའུ། ཡང་ཅིན་སོགས་ཀྱང་གྲོས་ཚོགས་གྲོལ་བའི་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གྲོས་ཚོགས་གྲོལ་བའི་ཚོགས་འདུར་ཟུར་ཞུགས་བྱས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་གྲོལ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།