རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། གཅིག་མཐུན་སྒོས་ལོ་ཧོས་ཉིན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་། ཧའོ་ཕིན་དང་མུའུ་ཏུང་ཧྲིན་གཉིས་ཚོགས་གཙོ་གཞོན་པར་བདམས།

ཚོགས་ཐོག་ནས་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས«རྒྱལ་ཡོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི(འཆར་ཟིན)»དང་། «རྒྱལ་ཡོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ(འཆར་ཟིན)»ལ་གྲོས་ཞིབ་བྱས་པ་མ་ཟད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་གྲོས་ཚོགས་ལ་འདེམ་བསྐོ་དང་བརྡས་ཐག་གཅོད་པར་སྤྲོད་རྒྱུར་འཐད་པ་བྱུང་།

ལོ་ཧོས་ཉིན་གྱིས་ཚོགས་ཆེན་སྟེང་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ནི་ད་ལོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་རྒྱུ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མངོན་འགྱུར་བྱེད་པར་མགོ་བཟང་བོ་ཞིག་རྩོམ་པའི་སྐུལ་སློང་ཚོགས་ཆེན་ཞིག་ཀྱང་རེད། མཚོ་སྔོན་གྱི་འཐུས་མིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་དང་དུ་བླངས་ནས། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་ལྟར་རེབ་འདིའི་ཚོགས་ཆེན་བདེ་བླག་ངང་ཚོགས་ནས། མཚོ་སྔོན་གྱི་འཐུས་མི་དང་མཚོ་སྔོན་མི་དམངས་ཀྱི་སྙིང་སྟོབས་རྣམ་པ་མངོན་པར་མཚོན་དགོས་ཟེར། 

མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཟུར་ཞུགས་བྱས།  །  

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།