རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་སྐོར་དང་པོའི་འཐུས་མི་པེ་ཅིན་ལ་ཐོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་ཉེར་བཞིའི་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་སྐོར་དང་པོའི་འཐུས་མི་པེ་ཅིན་ལ་ཐོན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་བརྩམས་པའི་ལོ་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་ཤིག་ཀྱང་ཡིན། ཚོགས་ཆེན་གཉིས་ཀྱི་སྐབས་སུ་འཐུས་མི་རྣམས་ཀྱིས་མཉམ་དུ་བཅོས་སྒྱུར་གླེང་ཞིང་མཉམ་དུ་དོན་ཆེན་ལ་གྲོས་མོལ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་ལ་ཇུས་གཞི་འགོད་རྒྱུ་རེད།

ཉིས་སྟོང་བཅུ་དྲུག་ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གཏན་འཁེལ་དང་ལག་བསྟར་དེས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་ལ་སྣེ་ཁྲིད་བྱས་ནས། རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལམ་ཕྱོགས་སྔར་ལས་མངོན་གསལ་དུ་བཏང་།   །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།