རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་འདོན་དང་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱ་བ་དངོས་སུ་སྒྲུབ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་འདོན་དང་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱ་བ་ཟླ་གསུམ་པའི་ཚེས་གཅིག་ཉིན་དངོས་སུ་སྒྲུབ་མགོ་བརྩམས། མིག་སྔར་ཚོགས་ཆེན་ལ་སྡོམ་པས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་བདུན་བརྒྱ་ལྷག་འབྱོར་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པར་དམིགས་ཏེ་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པ་སོགས་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་ནང་དོན་ནི་ད་ལོར་གྲོས་གཞི་བཏོན་པའི་ཁྱད་ཆོས་གཙོ་བོ་ཞིག་རེད།

ད་ལྟ་འབྱོར་བའི་གྲོས་གཞི་བདུན་བརྒྱ་ལྷག་གི་ནང་གི་དཔལ་འབྱོར་བདེ་བླག་དང་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་བཅོས་སྒྱུར་བྱེད་ཐབས་གལ་ཆེན་དངོས་འབེབས་བྱེད་པ། རྒྱལ་དམངས་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་ཚད་གཞི་ཇེ་མཐོར་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་བཅས་ནི་ཨུ་ཡོན་རྣམས་ཀྱིས་ཧ་ཅང་ཡིད་འཇོག་བྱེད་པའི་ཕྱོགས་བཞི་རུ་གྱུར་ཡོད།

གསར་འགོད་པས་ཟླ་གསུམ་པའི་ཚེས་གཅིག་ཉིན་རྒྱལ་ཡོངས་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་གྱོད་གཞི་ཐོ་འགོད་བྱས་པའི་གྲོས་གཞི་སྟོང་ལྔ་ལྷག་ཕལ་ཆེར་ཐག་བཅད་པ་དང་དོན་དངོས་ཀྱི་གྲུབ་འབྲས་བཟང་བོ་ཐོབ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།