ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«ཏང་ཡོན་ཡོངས་ཀྱི་ཁྲོད་དུ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་པ་དང་གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱས་ནས་ཚད་ལྡན་ཏང་ཡོན་ཞིག་བྱེད་དགོས་པའི་སློབ་སྦྱོང་སློབ་གསོའི་ཇུས་གཞི»འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«ཏང་ཡོན་ཡོངས་ཀྱི་ཁྲོད་དུ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་པ་དང་གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱས་ནས་ཚད་ལྡན་ཏང་ཡོན་ཞིག་བྱེད་དགོས་པའི་སློབ་སྦྱོང་སློབ་གསོའི་ཇུས་གཞི»འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཇུས་གཞིའི་རེ་བ་ལྟར། དོན་དངོས་དང་འབྲེལ་ཏེ་ལག་བསྟར་ཇུས་གཞི་གཏན་འཁེལ་བྱེད་པ་དང་། སློབ་སྦྱོང་གཉིས་དང་ཚད་ལྡན་ཏང་ཡོན་ཞིག་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་ད་དུང་སྤྱིའི་རེ་བ་དང་སློབ་སྦྱོང་སློབ་གསོའི་ནང་དོན། བྱེད་ཐབས་གཙོ་བོ་དང་རྩ་འཛུགས་མགོ་ཁྲིད་བཅས་ཀྱི་ཐད་ལ་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།