རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བ་པེ་ཅིན་ནས་གྲོལ།

  ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བ་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་མཚོ་ཁོངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བཅའ་ཁྲིམས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བར་མ་ཟད་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་བྱ་བའི་སྙན་ཞུ་ཕུལ།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧོང་རོན་ཆིག་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་འཁུར་བའི་རེ་ཞུ་དང་ལེན་བྱེད་པའི་སྐོར་གྱི་ཆོད་དོན་དང་ཀྲང་ཁྲུང་ཧི་ཡིས་རྒྱལ་ཡོངས་དམངས་ཆེན་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་འཁུར་བའི་རེ་ཞུ་དང་ལེན་བྱེད་པའི་སྐོར་གྱི་ཆོད་དོན། དེ་མིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད།

ཚོགས་ཐོག་ནས་གྲོས་གཞི་སྣ་ཚོགས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་རྗེས། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་རིགས་སློབ་གསོའི་བཅའ་ཁྲིམས་དངོས་འབེབས་བྱས་པའི་ཁྲིམས་སྐྱོང་ཞིབ་བཤེར་སྙན་ཞུ་དང་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས། ཁྲིམས་སྐྱོང་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་སྐབས་ཕྱོགས་དྲུག་གི་བྱ་བ་དམ་འཛིན་བྱེད་དགོས། གཅིག ཁྲིམས་སྐྱོང་ཞིབ་བཤེར་ནང་དོན་གདམ་གསེས་བཟང་བོ་བྱེད་དགོས། གཉིས། ཁྲིམས་སྐྱོང་ཞིབ་བཤེར་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་པར་མཐོང་ཆེན་བྱེད་དགོས། གསུམ། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ཁྲིམས་སྐྱོང་ཞིབ་བཤེར་གནས་ཚུལ་ཡར་ཞུ་བྱེད་དགོས། བཞི། ནན་ཏན་སྒོས་གྲོས་ཞིབ་བྱེད་དགོས། ལྔ། དོན་དངོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་དགོས། དྲུག རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དངོས་འབེབས་གནས་ཚུལ་ཡར་ཞུ་བྱེད་དགོས། ཕྱིན་ཆད་མུ་མཐུད་དུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་དམངས་ཆེན་གྱི་ལྟ་རྟོག་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་གཅིག་པ་བསྡུས་པ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མགོ་འཛིན་མཛད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།