རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞབས་ཕྱིའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཚོད་ལྟ་བྱེད་པར་འཐད་པ་བྱུང་བའི་སྐོར་གྱི་ཆོག་མཆན་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་ཞབས་ཕྱིའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཚོད་ལྟ་བྱེད་པར་འཐད་པ་བྱུང་བའི་སྐོར་གྱི་ཆོག་མཆན་འགྲེམ་སྤེལ་བྱས་ཏེ། ཐེན་ཅིན་དང་ཧྲང་ཧེ། ཧེ་ནན། ཧྲིན་ཀྲིན། ཧང་ཀྲིག ཝུའུ་ཧན། ཀོང་ཀྲིག ཁྲིན་ཏུའུ། སུའུ་ཀྲིག ཝེ་ཧེ། ཧ་ཨར་པེན་ཁུལ་གསར་སོགས་ཞིང་ཆེན་དང་གྲོང་ཁྱེར། ཁུལ་ཁོངས་བཅས་སུ་ཞབས་ཕྱིའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཚོད་ལྟ་བྱེད་པར་འཐད་པ་བྱུང་བ་དང་ཚོད་ལྟའི་དུས་ཡུན་ལོ་གཉིས་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།