ཀྲུང་དབྱང་རྩ་འཛུགས་པུའུ་ཡིས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཏང་ཨུའི་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཏང་ཨུའི་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ།

«བརྡ་ཐོ»ལས་བསྟན་དོན། ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བློ་མཐུན་མའོ་ཙེ་ཏུང་གི«ཏང་ཨུ་ཡོན་ལྷན་ཁང་གི་བྱ་བའི་བྱེད་ཐབས»ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། རིམ་པ་སོ་སོའི་ཏང་ཨུའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ནང་སྒོས་སུ་འགན་ཁུར་བློ་མཐུན་གཙོ་བོས་བརྩམས་ཆོས་དེར་སློབ་སྦྱོང་བྱེད་པར་རེ་བ་གསལ་བོ་བཏོན། རིམ་པ་སོ་སོའི་ཏང་ཨུས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན»གྱི་དོན་སྙིང་ཟབ་མོར་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཨུ་ཡོན་ལྷན་ཁང་གི་བྱ་བའི་བྱེད་ཐབས་དེ་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཡིག གསུང་བཤད་རབ་དང་རིམ་པ་བཅས་ལ་སློབ་སྦྱོང་བྱེད་པའི་ཁྲོད་དུ་འཇོག་དགོས་པ་དང་། ཏང་ཡོན་རྣམ་དག་ཞིག་བྱས་ནས་སློབ་གསོ་དང་སློབ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ནས། ཚན་རིག་གི་བྱ་བའི་བྱེད་ཐབས་དང་མགོ་ཁྲིད་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་པ་དང་། ཆབ་སྲིད་ཀྱི་ཆོས་ཉིད་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་སློབ་སྦྱོང་བྱེད་པ། ཏང་ཨུ་ཡོན་ལྷན་ཁང་གི་བྱ་བའི་བྱེད་ཐབས་ཀྱི་གཞི་རྩའི་བསམ་བློ་ཁོང་དུ་ཆུད་པར་བྱས་ནས། མགོ་ཁྲིད་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

«བརྡ་ཐོ»ལས་ནན་གྱིས་བསྟན་དོན། «ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག»དང་«ཀྲུང་གོ་གུང་ཁྲན་ཏང་ཏང་ཙུའུ་བྱ་བའི་སྲོལ་ཡིག»ལག་བསྟར་དངོས་འབེབས་བྱེད་པ་དང་ཟུང་དུ་སྦྲེལ་ནས། ཏང་ཨུ་དང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་གི་བསམ་བློའི་ཆབ་སྲིད་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་སྤྱོད་སྟངས་འཛུགས་སྐྲུན། ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་དངོས་འབེབས་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཏང་གི་སྤྱིའི་བཀོད་སྒྲིག་དང་ཕྱོགས་སོ་སོའི་མགོ་ཁྲིད་སྲོག་ཤིང་ནུས་པ་མཐུན་སྦྱོར་དང་གང་ལེགས་སྒོས་འདོན་སྤེལ་བྱེད་པ། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྤེལ་ནས། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་ལག་བསྟར་དངོས་འབེབས་བྱེད་པར་ཆབ་སྲིད་ཀྱི་ཁག་ཐེག་དང་རྩ་འཛུགས་ཀྱི་ཁག་ཐེག་བརྟན་པོ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།