རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་ཚན་ཆུང་བགོས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་ཚེས་ཉེར་ལྔ་ཉིན་ཚན་ཆུང་བགོས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་སྤྲད་ནས་གྲོས་ཞིབ་བྱེད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱས་པ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བཅས་ཀྱིས་སྙན་ཞུའི་མ་ཡིག་ལ་གཟེངས་བསྟོད་བྱས་པར་མ་ཟད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ཚང་མས་གཅིག་གྱུར་སྒོས་བལྟས་ན། འདས་པའི་ལོ་གཅིག་གི་ནང་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁ་ཕྱོགས་གསལ་ཞིང་བྱ་བ་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་བྱ་བའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད་པར་སྙམ། ཚོགས་ཞུགས་མི་སྣས་ད་དུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་འཐུས་ཚང་དུ་གཏོང་བ་དང་གནས་བབ་གསར་བའི་འོག་ཏུ་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་གྲོས་གཞི་ཁ་ཤས་བཏོན།   །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།