ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་ལ་སྔར་ལས་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་ཏེ་གྲུབ་ཚུལ་ལེགས་སྒྱུར་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རིག་དངོས་སྲུང་སྐྱོབ་དང་འོས་འཚམ་སྒོས་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས་རིག་གནས་ཀྱི་འཕེལ་རྩ་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་གཅིག་སྡུད་བྱེད་པར་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །  

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།