ལིས་ཁི་ཆང་གིས་ལོ་ལོན་བྱ་བར་ཤུགས་སྣོན་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ཚན་རིག་ལྟར་མི་གྲངས་ལོ་ལོན་ཅན་གྱི་གནད་དོན་ལ་ཁ་གཏད་འཇལ་བའི་བྱ་བར་དམ་པོར་དམིགས་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”འཆར་གཞི་འཐེན་པའི་ལག་བསྟར་བྱ་བ་དང་ཟུང་དུ་སྦྲེལ་དགོས་པ་དང་། འབྲེལ་ཡོད་སྲིད་ཇུས་དང་གྲོས་གཞི་བཏོན་ནས་ཞིབ་འཇུག་བྱེད་དགོས་པ་མ་ཟད་ལག་བསྟར་བྱེད་ཆོག་པར་དོ་སྣང་བྱེད་དགོས་ཟེར།

རྒྱལ་ཡོངས་ཀྱི་ལོ་ལོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་བསྡུས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཁོངས་མི་ལས་ཁུངས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་རང་སྟེང་གི་འགན་ནུས་དང་ཟུང་དུ་སྦྲེལ་བ་དང་། ལས་འགན་གལ་ཆེན་ལ་དམ་འཛིན་བྱེད་པ། དུས་ཚོད་རེའུ་མིག་དང་། ལམ་ཕྱོགས་རེའུ་མིག འགན་ཁུར་རེའུ་མིག་བཅས་གསལ་བོར་བྱེད་དགོས་པ་མ་ཟད། རང་སོ་སོའི་འགན་འཁྲི་དང་དུ་བླངས་ནས། མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་དགོས་པ་དང་། བྱ་བ་སྒྲུབ་སྐབས་ནན་ཏན་བཅས་བྱས་ནས། བྱ་བ་སྣ་ཚོགས་དུས་ལྟར་ཡོངས་འགྲུབ་བྱས་ཏེ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ། ཤུགས་ཆེན་པོས་ལོ་ལོན་མང་ཚོགས་ལ་སེམས་ཁུར་བྱེད་པའི་ཁེ་ཕན་གནད་དོན་ཐག་བཅད་དེ། ལོ་ལོན་མང་ཚོགས་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་སྟེར་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།