ཞི་ཅིན་ཕེན་གྱིས་ལོ་ལོན་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་ལོ་ལོན་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་གལ་ཆེན་གནང་ནས། རང་རྒྱལ་གྱི་མི་གྲངས་ལོ་ལོན་ཅན་ལ་ཕན་ནུས་ལྡན་པར་ཁ་གཏད་འཇལ་བ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་དང་། མི་སེར་དུང་ཕྱུར་འགའི་བདེ་སྐྱིད་ལ་འབྲེལ་བ་ཡོད་པས། དེང་སྐབས་ལ་རྐང་འཛུགས་པ་དང་ཡུན་རིང་བོར་རྒྱང་ལྟ་བྱས་ཏེ། སྟེང་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། བུ་སྐྱེ་དང་ལས་ཞུགས། རྒན་གསོ་སོགས་སྲིད་ཇུས་དང་ལམ་ལུགས་གལ་ཆེན་འཐུས་ཚང་དུ་བཏང་ནས། དུས་ལྟར་ཁ་གཏད་འཇལ་བ་དང་། ཚན་རིག་དང་མཐུན་པར་ཁ་གཏད་འཇལ་བ། ཕྱོགས་བསྡུས་ཀྱིས་ཁ་གཏད་འཇལ་བ་བཅས་བྱེད་དགོས། དོན་དག་འདི་གྲོས་རིམ་གལ་ཆེན་དུ་བཞག་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་བཀོད་སྒྲིག་དང་དངོས་འབེབས་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།