ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་ཚོགས་ཆེན་དུ་ཞུགས་ནས་གཏམ་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཆི་ཧྲན་ཚེས་ཉེར་གསུམ་ཉིན་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐོར་ཞིབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་འབུར་ཐོན་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་སྐོར་ཞིབ་བྱ་བ་གཏིང་ཟབ་དུ་སྤེལ་བ། ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་དགོས་ཟེར།

གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཁྱོན་ཡོངས་དང་ཚན་རིག  ཁོངས་གཏོགས། ཡང་དག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་ཟུང་འབྲེལ་དམ་པོ་བྱེད་དགོས་པ་དང་། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་དང་ཟུང་དུ་སྦྲེལ་བ་དང་། རྩ་བར་རྗེས་བསྙེགས་ཏེ། བསམ་བློའི་རིགས་གཞུང་གི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས། གསུངས་བཤད་ང་ཚོ་ཏང་གི་གཟི་བརྗིད་དང་འོད་སྟོང་འབར་བ། དཀའ་སྤྱད་ཕུལ་བྱུང་གི་འབད་བརྩོན་གྱི་ལོ་རྒྱུས་ལྡན་ལ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ཡི་འོད་སྟོང་འབར་བའི་དཔལ་ཡོན་གྱི་ལོ་རྒྱུས་ལྡན་པ་དང་ལོ་རྒྱུས་རྒྱུན་འཛིན་བྱས་ཡོད་པ་མ་ཟད། རིག་གནས་ཀྱི་རྒྱུན་བསྐྱངས་ཡོད་པས། ཆེས་གལ་ཆེ་བ་ནི་ཡིད་ཆེས་བརྟན་པོ་དང་འགན་འཁྲི་ཁུར་ཕོད་པར་བྱེད་རྒྱུ་དེ་རེད། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་ཆགས་པར་བྱས་ནས། བསམ་བློར་འབྲེལ་འདྲིས་དམ་པོ་བྱེད་དགོས་པ་དང་། བྱ་བ་དང་འཚོ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། སློབ་སྦྱོང་ཟབ་མོ་དང་གོ་བ་ཟབ་མོ་བླངས་ནས། ནང་དོན་ཁོང་དུ་ཆུད་པར་བྱས་ཏེ་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།  །
  

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།