རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི«“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་སྐོར་དང་པོའི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་ལག་བསྟར་བྱེད་པའི་བསམ་འཆར་སྐོར་གྱི་བརྡ་ཐོ»བརྒྱུད་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི«“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་སྐོར་དང་པོའི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་ལག་བསྟར་བྱེད་པའི་བསམ་འཆར་སྐོར་གྱི་བརྡ་ཐོ»བརྒྱུད་སྤེལ་བྱས་པ་མ་ཟད། ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས། རྒྱལ་ཡོངས་ཀྱི་ཞིང་སྡེ་ས་ཁུལ་ནས་བརྟན་འཇགས་ཡིན་ཞིང་ཡིད་ཆེས་བྱས་ཆོག་པའི་གློག་འདོན་ཞབས་ཞུ་ཁྱོན་ཡོངས་ནས་ཁེབས་པའི་བྱ་བ་མངོན་འགྱུར་བྱས་ནས། གློག་འདོན་པའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་དགོས་པ་དང་། ཞིང་སྡེའི་གློག་དྲས་གློག་འདོན་པའི་བརྟན་འཇགས་ཀྱི་ཚད་བརྒྱ་ཆའི་གོ་དགུ་ལྷག་ཏུ་སླེབས་པར་བྱེད་པ། ཕྱོགས་བསྡུས་གློག་གནོན་ཚད་དང་མཐུན་ཚད་བརྒྱ་ཆའི་གོ་བདུན་ལྷག་ཏུ་སླེབས་པར་བྱས་ནས། ཁྱིམ་ཚང་རེར་གློག་ཤོང་ཚད་ཧྥུའུ་ཨན་སྟོང་གཉིས་ལས་ཉུང་མི་རུང་བར་བྱེད་དགོས་པ་དང་། ཤར་ཕྱོགས་ས་ཁུལ་ནས་མཁར་གྲོང་གི་གློག་འདོན་པའི་ཞབས་ཞུ་འདྲ་མཉམ་ཅན་མངོན་འགྱུར་བྱེད་པ། དབུས་ནུབ་ཕྱོགས་ས་ཁུལ་གྱི་མཁར་གྲོང་གི་གློག་འདོན་ཞབས་ཞུའི་ཁྱད་པར་ཇེ་ཆུང་དུ་གཏོང་བ། དབུལ་ཕོངས་དང་མཐའ་འཁོབ་ས་ཁུལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་བྱས་ནས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དང་རེ་བ་ཕལ་ཆེར་བསྐོང་དགོས་པ་མ་ཟད། རྫོང་རིམ་པའི་གློག་འདོན་པའི་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་དགོས་པ་བཅས་ཀྱི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།