ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ་ཁྱབ་སྒྲོག་བྱས།

བསམ་འཆར་གྱི་མཛུབ་སྟོན་བསམ་བློ་ནི“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི“འཐབ་ཇུས་བཀོད་སྒྲིག་ལྟར། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད་དང་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་བསྟར་དངོས་འབེབས་བྱས་ནས། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོད་ཉིད་ལ་ངོས་འཛིན་དང་། བརྩི་བཀུར། བབ་བསྟུན་བཅས་བྱེད་པ་དང་། སྔར་ལས་བཟང་བོའི་སྒོ་ནས་ཁྲིམས་སྐྱོང་སྣེ་ཁྲིད་དང་ཚད་ལྡན་ནུས་པ་འདོན་སྤེལ་བྱེད་པ། བཅའ་ཁྲིམས་ལྟར་འཆར་གཞི་འཐེན་ནས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་པ། དཔལ་འབྱོར་དང་ལྗང་མདོག དབྱིབས་མཛེས་བཅས་ཀྱི་ཨར་ལས་བཟོ་སྐྲུན་བྱེད་ཕྱོགས་ལག་བསྟར་བྱེད་པ། ཤུགས་ཆེན་པོས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། ཤུགས་ཆེན་པོས་གྲོང་ཁྱེར་གྱི་ཁྱད་ཆོས་རྣམ་པ་སྐྲུན་པ་དང་། ཤུགས་ཆེན་པོས་གྲོང་ཁྱེར་གྱི་ཁོར་ཡུག་རྒྱུ་སྤུས་ཇེ་མཐོར་གཏོང་བ། ཤུགས་ཆེན་པོས་གྲོང་ཁྱེར་དོ་དམ་ཞབས་ཞུ་བྱ་བ་གསར་སྐྲུན་བྱས་ནས། ཀྲུང་གོ་ཁྱད་ཆོས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གསར་གཏོད་བྱེད་རྒྱུ་དེ་རེད།

བསམ་འཆར་གྱི་སྤྱིའི་དམིགས་ཡུལ་ནི་གྲོང་ཁྱེར་གོ་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། གསར་གཏོད་དང་མཐུན་པར་བྱེད་པ། ཕན་ནུས་མཐོ་བའི་འཁོར་སྐྱོད་བྱེད་པའི་བྱ་བ་མངོན་འགྱུར་བྱས་ནས། ཧུར་ཐག་སྒོས་འཆམ་མཐུན་དུ་གནས་པ་དང་། སྟོབས་འབྱོར་ལྡན་ཞིང་གསོན་ཤུགས་ལྡན་པ། ཁྱད་ཆོས་སྣ་ཚོགས་ལྡན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱས་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་རྒྱུ་དེ་རེད།

བསམ་འཆར་ལས་ད་རུང་གྲོང་ཁྱེར་འཆར་འགོད་བྱ་བ་དང་གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་པའི་རྣམ་པ་སྐྲུན་པ། གྲོང་ཁྱེར་ཨར་ལས་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ། ནུས་ཁུངས་གྲོན་ཆུང་གི་གྲོང་ཁྱེར་འཛུགས་སྐྲུན་དང་། གྲོང་ཁྱེར་སྤྱི་སྤྱོད་ཞབས་ཞུ་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་འདུག་སའི་ཁོར་ཡུག་གསར་སྐྲུན། གྲོང་ཁྱེར་བཅོས་སྐྱོང་རྣམ་པ་གསར་སྐྲུན་བྱེད་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ཐད་ཀྱི་བྱ་བ་བཀོད་སྒྲིག་ཞིབ་རྒྱས་བྱས།   

ས་ཁུལ་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་བསམ་འཆར་བསམ་བློ་ལག་བསྟར་བྱེད་པ་དང་། འགན་ཁུར་བགོ་བཤའི་བྱ་བ་དང་དུས་ཚོད་ཀྱི་རེ་བ་གསལ་བོར་བྱས་ནས། སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་ལག་བསྟར་དངོས་འབེབས་གནས་ཚུལ་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱེད་དགོས། ཀྲུང་དབྱང་གིས་ལག་བསྟར་དངོས་འབེབས་གནས་ཚུལ་ལ་དུས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།