ལིག་ཡུན་ཧྲན་གྱིས་ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་གྲོས་ཚོགས་སྟེང་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་འགན་འཁྲི་དང་འགན་ཁུར་ལག་བསྟར་ནན་མོ་བྱས་ཏེ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་ལེན་བྱེད་པ་དང་། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་དངོས་འབེབས་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ལེན་པ་བཅས་ལ་བསམ་བློ་གླེང་ཕྱོགས་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན། 
        གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་དབྱང་གི་དྲིལ་སྒྲོག་རིག་གནས་ལས་ཁུངས་བཅུ་གཅིག་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད། ཚང་མས་བལྟས་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱིས་ཏང་གི་གསར་འགྱུར་ལས་དོན་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་བཏབ་ཡོད་པ་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་བཏང་ཡོད་ལ། དེ་ནི་གནས་བབ་གསར་བའི་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཡིན་པ་དང་། དེ་དྲིལ་སྒྲོག་བསམ་བློ་བྱ་བ་ཧྲིལ་བོར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་པར་འདོད།

ལིག་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་དགོས་ན་དོན་དངོས་དང་སྦྲེལ་ནས་དངོས་འབེབས་དམ་འཛིན་བྱེད་དགོས་པས། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་དང་གསར་འགྱུར་ལས་ཁུངས་ཀྱིས་དངོས་འབེབས་ཀྱི་ཇུས་གཞི་ཞིབ་མོ་མྱུར་དུ་གཏན་འབེབས་བྱེད་དགོས་ལ། གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བགྲོ་གླེང་བྱེད་པ་དང་གཅིག་བསྡུས་གསོ་སྦྱོང་བྱེད་པར་རྩ་འཛུགས་བཟང་བོ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། བསྐྱོད་སྒྱུར་བཅོས་གསུམ་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། གནད་དོན་སེམས་ལ་བཅངས་ནས་སློབ་སྦྱོང་ལག་བསྟར་བྱས་ཏེ། བར་ཐག་གང་དུ་ཡོད་པ་ཤེས་དགོས་ལ། བྱེད་ཐབས་ངོ་མ་སྤྱད་དེ་གནད་དོན་ཐག་གཅོད་དགོས། རིམ་པ་སོ་སོའི་ཏང་ཨུས་གསར་འགྱུར་གླེང་ཕྱོགས་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ནས། གསུང་བཤད་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། ཏང་གི་གསར་འགྱུར་གླེང་ཕྱོགས་དང་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་བསྒྲུབ་པའི་གནད་འགག་ནི་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ཇེ་དམ་དུ་བཏང་ནས། ཆབ་སྲིད་ལ་མཐོང་ཆེན་བྱེད་པ་དང་། ཏང་གཤིས་བཟང་བ། འགན་ཁག་ཏུ་ཁུར་ཕོད་པ། གསར་གཏོད་བྱེད་ཕོད་པ། རང་གཅུན་ནན་མོ་བྱེད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མཉམ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། རང་འགུལ་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་ལ་བལྟས་ནས། ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས། ཏང་གིས་དྲིལ་སྒྲོག་ལ་དོ་དམ་བྱེད་པ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ། ཏང་གིས་གསར་འགྱུར་སྨྱན་བྱེད་ལ་དོ་དམ་བྱེད་པའི་རྩ་བའི་རྩ་དོན་ལག་བསྟར་ནན་མོ་བྱས་ཏེ། ཁ་ཕྱོགས་ཡང་དག་གི་རེ་བ་དེ་བྱ་བའི་ཕྱོགས་སོ་སོ་ནས་མངོན་པར་མཚོན་དགོས། བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བའི་འགན་ཁུར་དངོས་སུ་ཕྲག་ཏུ་བླངས་ནས། ཏང་འཛུགས་འཛིན་པ་དང་དཔུང་སྡེ་ཁྲིད་པའི་འགན་ཁུར་དངོས་འབེབས་བཟང་བོ་བྱེད་དགོས། བཅོས་སྒྱུར་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། དྲིལ་སྒྲོག་བསམ་བློ་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། དུས་ཚད་འབྲས་གསུམ་གྱི་རེ་བ་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ། བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་ལྟར་དུ་ཀུན་སྤྱོད་ལེགས་བཅོས་བྱེད་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་སྲིད་གཙང་གི་ཉེན་ཁར་གཙང་བཤེར་བྱས་ཏེ། དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་སྣང་བརྙན་བཟང་བོ་སྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།