རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«གསར་སྐྲུན་བར་སྟོང་མྱུར་དུ་འཕེལ་རྒྱས་སུ་བཏང་ནས་དངོས་ཕུང་དཔལ་འབྱོར་གྱི་ཚུལ་བསྒྱུར་རིམ་སྤོར་བྱ་བར་ཞབས་འདེགས་ཞུ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར»དཔར་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ«གསར་སྐྲུན་བར་སྟོང་མྱུར་དུ་འཕེལ་རྒྱས་སུ་བཏང་ནས་དངོས་ཕུང་དཔལ་འབྱོར་གྱི་ཚུལ་བསྒྱུར་རིམ་སྤོར་བྱ་བར་ཞབས་འདེགས་ཞུ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར»དཔར་དུ་སྐྲུན་ནས་བཀྲམ། གསར་སྐྲུན་བར་སྟོང་ཆེད་ལས་ཅན་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་གཏོང་བ་དང་། གསར་སྐྲུན་རྣམ་པ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་མ་རྩ་དམའ་ཞིང་། ཕྱོགས་ཡོངས་ཅན་དང་། ཆེད་ལས་ཅན་གྱི་ཞབས་ཞུ་བྱ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་དང་ལས་སྐྲུན་སྔར་ལས་གསོན་ཤུགས་ལྡན་པར་བྱེད་པ། ཚན་རྩལ་གྲུབ་འབྲས་ལ་ཡར་སྐུལ་བྱས་ནས་ད་ཡོད་ཐོན་སྐྱེད་ནུས་ཤུགས་བསྒྱུར་བ་དང་། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྒུལ་ནུས་གསར་བ་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།