ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཕྱི་གླིང་བ་ཡུན་རིང་གཏན་སྡོད་བྱེད་པར་ཞབས་ཞུ་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དཔར་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཕྱི་གླིང་བ་ཡུན་རིང་གཏན་སྡོད་བྱེད་པར་ཞབས་ཞུ་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་པ་མ་ཟད་བརྡ་ཐོ་བཏང་ནས། ས་ཁུལ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་བསྟན་དོན། རང་རྒྱལ་གྱིས་ཕྱི་གླིང་བ་ཡུན་རིང་གཏན་སྡོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པའི་ཚུན་ལ། རྒྱལ་ཁབ་ཤེས་ལྡན་མི་སྣའི་འཐབ་ཇུས་ལ་ཞབས་ཕྱི་སྒྲུབ་པ་དང་། ཕྱི་རྒྱལ་གྱི་དངུལ་གཏོང་ནང་འདྲེན་བྱས་པ། ཕྱི་སྡོད་རང་མི་ལས་དོན་ཐོན་ཁུངས་སོགས་སྤེལ་བའི་ཐད་ལ་ནུས་པ་གལ་ཆེན་ལྡན་པའི་ཞོར་དུ། རེ་ཞུའི་ཆ་རྐྱེན་གྱི་བྱ་བ་སྒྲུབ་སྟངས་དང་། མིང་འགོད་བྱ་བ། དམིགས་བསལ་བྱ་བ་སོགས་དངོས་འབེབས་བྱ་བ་སྣ་ཚོགས་ལུགས་མཐུན་མིན་པའི་གནད་དོན་མང་པོ་གནས། ཕྱི་གླིང་བ་ཡུན་རིང་གཏན་སྡོད་བྱེད་པའི་ཞབས་ཞུ་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། གནས་བབ་གསར་བའི་ཤེས་ལྡན་མི་སྣས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་དངོས་འབེབས་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ། རྒྱལ་ཁབ་ཀྱི་འགུག་ཤུགས་ཇེ་དྲག་ཏུ་བཏང་ནས། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

«བསམ་འཆར»གྱི་སྤྱི་ཁོག་རེ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་བྱེད་དགོས་པ་དང་། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག གསར་གཏོད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་པར་བྱས་ནས། ཤེས་ཡོན་ཅན་མང་པོ་འདུ་བར་བྱེད་པའི་འཐབ་ཇུས་དམིགས་འབེན་གཅིག་ཏུ་བསྡུ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་ཕྱི་གླིང་བ་ཡུན་རིང་གཏན་སྡོད་བྱེད་པར་ཞབས་ཞུ་དང་དོ་དམ་བྱེད་པའི་སྲིད་ཇུས་སྔར་ལས་ལག་བསྟར་བྱེད་པ། སྒྲིག་སྲོལ་ལམ་ལུགས་སྔར་ལས་ལེགས་བཅོས་བྱེད་པ། སྲིད་ཇུས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། རེ་ཞུའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། བྱ་བའི་གོ་རིམ་སྟབས་བདེར་གཏོང་བ། ཐོབ་ཐང་ཐོབ་ཆ་དངོས་འབེབས་བྱེད་པ་དང་། རྒྱུན་ལྡན་གྱི་དོ་དམ་བྱ་བར་ཤུགས་བསྣན་ནས། ཚན་རིག་དང་མཐུན་ཞིང་། སྒོ་འབྱེད་དངོས་གཉེར་གྱི་ཕྱི་གླིང་བ་ཡུན་རིང་གཏན་སྡོད་བྱེད་པར་དོ་དམ་བྱ་བར་ཞབས་འདེགས་ཞུ་བའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཟེར།

«བསམ་འཆར»གྱི་གཞི་རྩའི་རྩ་དོན་ནི། སྒོ་འབྱེད་རྒྱ་བསྐྱེད་རྒྱུན་བསྐྱང་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྐང་འཛུགས་པར་ཟུང་དུ་སྦྲེལ་བ། འཆར་གཞི་རྒྱུན་སྐྱོང་བ་དང་ཚོང་ར་དང་ཟུང་དུ་སྦྲེལ་བ། ཞབས་ཞུ་རྒྱུན་བསྐྱང་དོ་དམ་དང་ཟུང་དུ་སྦྲེལ་བ། རྒྱལ་ཁབ་ཀྱི་དགོས་མཁོ་དང་རྒྱུན་བསྐྱང་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཟུང་དུ་སྦྲེལ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།