ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«སྲིད་དོན་ཡོངས་སྒྲོག་བྱ་བ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«སྲིད་དོན་ཡོངས་སྒྲོག་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་པ་མ་ཟད། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་དོན་ཡོངས་སྒྲོག་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བར་བཀོད་སྒྲིག་བྱས།

«བསམ་འཆར»ལས་བསྟན་དོན། ཡོངས་སྒྲོག་མངོན་སུམ་བྱེད་པ་ནི་ཁྲིམས་སྐྱོང་སྲིད་གཞུང་གི་གཞི་རྩའི་ཁྱད་ཆོས་ཡིན་པས། ཡོངས་སྒྲོག་བྱེད་པ་དེ་རྒྱུན་རྣམ་དུ་བརྩིས་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡོངས་སྒྲོག་མི་བྱེད་པ་དེ་དམིགས་བསལ་དུ་བཞག་སྟེ། སྲིད་འཛིན་ཇུས་ཆོད་ཡོངས་སྒྲོག་དང་། ལག་བསྟར་ཡོངས་སྒྲོག དོ་དོམ་ཡོངས་སྒྲོག ཞབས་ཞུ་ཡོངས་སྒྲོག་དང་མཇུག་འབྲས་ཡོངས་སྒྲོག་སོགས་བྱ་བར་སྐུལ་འདེད་གཏོང་དགོས། ཉིས་སྟོང་ཉི་ཤུ་ལོར། སྲིད་དོན་ཡོངས་སྒྲོག་བྱ་བའི་སྤྱི་ཁོག་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས་པ་དང་། ནང་དོན་དང་ཁེབས་རྒྱའི་དབང་ཆ་འཁོར་སྐྱོད་བྱེད་པའི་གོ་རིམ་ཡོངས་རྫོགས་དང་སྲིད་དོན་ཞབས་ཞུའི་གོ་རིམ་ཧྲིལ་བོ་ཡོངས་སྒྲོག་བྱས་ཏེ། མི་དམངས་མང་ཚོགས་ལ་སྔར་ལས་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་དུ་འཇུག་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།