རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཁྱིམ་ཐོ་མེད་པའི་མི་སྣར་ཁྱིམ་ཐོ་ཐོ་འགོད་བྱེད་པའི་གནད་དོན་ཐག་གཅོད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཁྱིམ་ཐོ་མེད་པའི་མི་སྣར་ཁྱིམ་ཐོ་ཐོ་འགོད་བྱེད་པའི་གནད་དོན་ཐག་གཅོད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

«བསམ་འཆར»ལས་བསྟན་དོན། ཁྲིམས་ལྟར་ཁྱིམ་ཐོ་ཐོ་འགོད་བྱེད་པ་ནི་བཅའ་ཁྲིམས་ཀྱིས་སྤྱི་དམངས་ལ་གནང་བའི་གཞི་རྩའི་དབང་ཆ་ཡིན་པས། ཁྱིམ་ཐོ་མེད་པའི་མི་སྣར་ཁྱིམ་ཐོ་ཐོ་འགོད་བྱེད་པའི་གནད་དོན་ཐག་བཅད་ནས། མི་གྲངས་ཞབས་ཕྱིའི་དོ་དམ་གསར་གཏོད་དང་རྣམ་པ་གསར་བའི་ཁྱིམ་ཐོ་ལམ་ལུགས་གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

«བསམ་འཆར»ལས་ཁྲིམས་ལྟར་དོན་དག་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་དམངས་སོ་སོས་ཁྲིམས་ལྟར་ཁྱིམ་ཐོ་ཐོ་འགོད་བྱེད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། ཁྱིམ་ཐོ་ཐོ་འགོད་བྱེད་པའི་གཏན་འཁེལ་དང་མི་མཐུན་པའི་ཆ་རྐྱེན་གང་རུང་འདོན་མཚམས་འཇོག་དགོས། ཁྱིམ་ཐོ་ཐོ་འགོད་དོ་དམ་ལ་ཤུགས་སྣོན་པ་དང་ཁྱིམ་ཐོ་མེད་པའི་མི་སྣར་ཁྱིམ་ཐོ་ཐོ་འགོད་བྱེད་པའི་གནད་དོན་ཁྱོན་ཡོངས་ནས་ཐག་བཅད་དེ། སྤྱི་དམངས་སོ་སོས་ཁྲིམས་ལྟར་རྒྱུན་སྡོད་ཁྱིམ་ཐོ་ཐོ་འགོད་བྱེད་པར་འགན་སྲུང་བྱེད་པ་དང་། ཧུར་ཐག་སྒོས་རྒྱལ་ཡོངས་ཀྱི་ཁྱིམ་ཐོ་དང་སྤྱི་དམངས་ཀྱི་ཐོབ་ཐང་ཨང་གྲངས་ཚད་ལྡན་རང་བཞིན་དང་གཅིག་པུ་རང་བཞིན། དབང་ཟིལ་རང་བཞིན་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།   །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།