ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞི་མཐུན་རོལ་དབྱངས་དཀྲོལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“དུས་རབས་གསར་བ། མཚོ་སྔོན་གསར་བ། བཞུད་ལམ་གསར་བ”ཞེས་པའི་བརྗོད་དོན་འགྲེམས་སྟོན་གྱི་མཚོ་སྔོན་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་འགྲེམས་ཁུལ་གྱི་ཚན་པ་བཞི་པར་བསྐྱོད་ཚེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་རི་མོ་བྲིས་ཡོད་ལ། ལྟད་མོ་བའི་སེམས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བའི“མཚོ་སྔོན་ནས་མི་རིགས་ལས་དོན་ལ་འབད་པ་མ་བྱས་ན་ཁྱོན་ཡོངས་ལ་འབད་ཐུབ་བྲལ་ཞེས་པའི་མངག་བཅོལ་རང་དབང་མེད་པར་དྲན་འོངས་ཏེ། གནས་དེ་རུ་པར་རིས་དང་དངོས་རྫས། དཔེ་རིས་སོགས་ཀྱི་ཁྱོན་ཡོངས་ཁྱབ་བསྒྲགས་ཀྱིས་དུས་རབས་གསར་པའི་ལོ་ངོ10ཡི་རིང་དུ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་བྱེད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན། རིགས་སོ་སོའི་མང་ཚོགས་ཀྱིས་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་མཛའ་བརྩེ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་སྐད་ཆར་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པའི་རྣམ་པ་མཚོན་པར་བྱས་ཡོད།  

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་གྱི་གནས་ཚུལ་དང་རེའུ་མིག་ནང་དུ། དུས་ཚོད་རིང་བ་ནས་ཉེ་བའི་བར་ཐིག་སྐུད་རི་མོ་གྲུབ་པར་བྱས་པའི་སྟེང་ནས2012ལོའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། རྒྱུན་མཐུད་ངང་སྐུལ་འདེད་བཏང་བའི་ཕན་འབྲས་མངོན་ཡོད། ས་ཁོངས་ཀྱི་ཁྱད་ཆོས་འབུར་ཐོན་ལྡན་པའི་གཞི་རྒྱུ་ཇུས་འགོད་བྱས་ཤིང་། པར་རིས་དང་ཡི་གེ་མཉམ་འདུས་ཀྱིས་འགྲེམས་སྟོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བའི་ལག་ལེན་དངོས། མཚོ་སྔོན་གྱིས་རྒྱལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་དཔྱད་ཞིབ་དང་འགུལ་རྣམ་དོ་དམ་སོགས་ཀྱི་ལམ་སྲོལ་རབ་དང་རིམ་པ་བཏོད་ཚུལ།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། 80%ཡན་གྱི་རྫོང(གྲོང་ཁྱེར་དང་ཆུས)དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་དཔེ་གཞི”བཏོད་ཚུལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཆེན་པོ་བཏང་ཚུལ་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་རིགས་སོ་སོ་མཐུན་སྒྲིལ་མཉམ་འདྲེས་དང་སྣ་མང་གཞི་གཅིག་གི་བསམ་པའི་ནང་དོན་ཇེ་ཟབ་ཏུ་བཏང་ཚུལ།  ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་སྣང་བརྙན་བཟོ་འགོད་ལག་ལེན་བྱས་ནས། ཁྱད་ལྡན་སྒྲོག་འགྲེལ་དཔུང་ཁག་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ལ་ཕྱོགས་ནས་ཏང་གི་འབོད་སྒྲ་བརྒྱུད་སྤྲོད་བྱས་པ།  བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་མི་སེམས་སུ་གཏིང་ཟབ་ངང་ཟུག་པ། མི་རིགས་ས་ཁུལ་གྱི་རྩ་འཛུགས་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གྱུར་ནས་ཁྱད་ལྡན་དཔལ་འབྱོར་རྣམ་གྲངས་དང་ཐོན་ལས་ལ་འཕེལ་རྒྱས་གསར་པ་བྱུང་བ། རིགས་སོ་སོའི་མང་ཚོགས་རྣམས་མཉམ་འདུག་མཉམ་སློབ་དང་མཉམ་སྐྲུན་མཉམ་རོལ། མཉམ་སྒྲུབ་མཉམ་སྐྱིད་བྱས་ནས་སེ་འབྲུ་ལྟར་ཕན་ཚུན་དམ་པོར་འབྲེལ་ཡོད་པ་བཅས་མཚོན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།